ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་མི་རི་ཀ་དང་ར་ཤི་ཡའི་དབར་ཆེས་མཐོའི་ལྷན་འཛོམས་གནང་དགོས་ཀྱི་ཡོད་པ།


ཡུག་རེན་གྱི་དཀའ་རྙོགས་ཀྱི་རྐྱེན་གིས་ཨ་མི་རི་ཀ་དང་ར་ཤི་ཡའི་འབྲེལ་ལམ་དེ་སྡུག་ཏུ་ཕྱིན་ཡོད་པས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུར་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་དབུ་འཁྲིད་རྣམ་པ་ལྷན་འཛོམས་གནང་དགོས་ཀྱི་འདུག་ཅེས་དེ་སྔའི་ཨུ་རུ་སུའི་དབུ་འཁྲིད་སྐུ་ཞབས་མི་ཁཱཡེལ་གྷོར་བྷཱ་ཅོབ་མཆོག་གིས་འབོད་བསྐུལ་ནན་ཆེ་གནང་ཡོད་འདུག སྐུ་ཞབས་གྷོར་བྷཱ་ཅོབ་དེ་སྔོན་དེ་སྔའི་ཨུ་རུ་སུའི་སྲིད་འཛིན་གནང་སྐབས་ཁོང་གིས་བསྒྱུར་བཅོས་ཀྱི་སྲིད་བྱུས་ཤིག་ཕྱག་ལེན་དུ་བསྟར་གནང་བའི་རྐྱེན་གྱིས་སྐབས་དེའི་ཨུ་རུ་སུ་དང་ཨ་མི་རི་ཀའི་དབར་གྱི་གྲང་དམག་འཁོན་འཛིན་མེད་པ་བཟོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། སྐུ་ཞབས་གྷོར་བྷཱ་ཅོབ་གྱིས་གསུངས་གསལ་ལ། ད་ལྟའི་ཆར་གཙོ་ཆེ་བ་ཡུག་རེིན་གྱི་དཀའ་རྙོགརྐྱེན་པས་ཨ་མི་རི་ཀ་དང་ར་ཤི་ཡ་གཉིས་མི་མཐུན་པའི་འཐེན་འཁྱེར་དཀའ་རྙོག་དེ་མེད་པ་བཟོས་པ་ཡིན་ན། དེའི་རྗེས་འབྲས་ངན་པ་ཡོང་རྒྱུ་ཡིན་ལུགས་གསུངས་འདུག སྐུ་ཞབས་གྷོར་བྷཱ་ཅོབ་གྱིས་གཞུང་གཉེར་གསར་འགྱུར་ལས་ཁང་ཞིག་གི་ནང་གཏམ་བཤད་ཅིག་སྤེལ་གནང་ཡོད་པ་དེའི་ནང་ ད་ལྟའི་ཆར་ར་ཤི་ཡ་དང་ཨ་མི་རི་ཀའི་དབར་གྱི་འཐེན་འཁྱེར་དེ་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་གནས་ཤིག་ཡིན་པ་རེད་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG