ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་གནང་བ།


ནོ་བེལ་ཞི་བདེའི་བྱ་དགའ་ལྷན་ཚོགས་ཀྱིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུའི་ཉིན་་ཕྱི་ལོ་ ༢༠༡༤ལོའི་འཛམ་གླིང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་བྱ་འབུལ་བཞེས་ཀྱི་མཛད་སྒོ་ཟབ་རྒྱས་ཤིག་གནང་སྟེ། འདི་ལོའི་བྱ་དགའ་ཐོབ་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་དང་། པ་ཀི་སི་ཐན་གྱི་བུད་མེད་ན་གཞོན་མ་ལ་ལ་ཡུ་སུབ་ཛ་ཡ་ རྣམ་གཉིས་ནི་ཞི་བདེ་སྲུང་སྐྱོབ་བ་རྩེ་ཕུད་ཅིག་རེད་ཅེས་བསྔགས་བརྗོད་གནང་སྟེ་འདི་ལོའི་བྱ་དགའ་དེ་ཕྲུ་གུའི་སློབ་གསོའི་ཐད་ཕྱག་ལས་དང་འཐབ་རྩོད་གནང་མཁན་གཉིས་ལ་ཕུལ་བའི་ཐོག་ནས་འཛམ་གླིང་གི་སྲིད་གཞུང་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཚོས་ཕྲུ་གུའི་ཐོབ་ཐང་ལ་ཐུགས་སྣང་ཆེ་བཞེས་ཀྱིས་དབུལ་ཕོངས་དང་བཙན་དབང་གི་ངལ་རྩོལ། སློབ་སྦྱོང་གི་གོ་སྐབས་མེད་པ་སོགས་ཀྱི་གནས་སྟངས་འོག་གི་ཕྲུ་གུ་ཚོར་དོ་སྣང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ཚོར་ཤུགས་ཆེ་བའི་རེ་སྐུལ་ཞིག་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG