ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་སྐམ་ས་ཆེན་མོའི་བར་འདུམ་གྲོས་སྒྲིག་པ་ཐེ་ཝན་གྱི་ནང་འབྱོར་བ།


རྒྱ་ནག་སྐམ་ས་ཆེན་མོའི་མཐོ་རིམ་བར་འདུམ་གྲོས་སྒྲིག་པས། ཉིན་ གྲངས་བརྒྱད་ཀྱི་རིང་ཐེ་ཝན་ལ་གཟིགས་བསྐོར་འགོ་འཛུགས་བྱ་རྒྱུའི་ཆེད་ དུ། ཐེ་ཝན་གྱི་དའོ་ཡོན་ རྫོང་སྡེའི་ནང་རེས་གཟའ་མིག་དམར་གྱི་ཉིན་ མཁའ་ལམ་གྱི་བརྒྱུད་ནས་འབྱོར་བའི་སྐབས། ཐེ་ཝན་གྱི་རང་བཙན་དོན་གཉེར་ བ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ། ཉེན་རྟོག་པ་དང་ ལག་འཛིང་ཤོར་ཡོད་པ་རེད། ཁྲེན་ཏེ་མིང་གི་གཟིགས་བསྐོར་འདི་ནི། ཐེ་ཝན་ས་གནས་ཀྱི་འོས་བསྡུའི་ནང་། གོ་མིང་ཏང་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་པའི་མཇུག་ཏུ། རྒྱ་ནག་གི་ མཐོ་རིམ་གཞུང་འབྲེལ་མི་སྣས་གཟིགས་བསྐོར་གནང་པའི་གནས་ཚུལ་ཐོག་མ་ དེ་ཡིན་པ་དང་། ཐེ་ཝན་མཚོ་འགག་ཕན་ཚུན་གྱི་ཕྱེད་གཞུང་འབྲེལ་འབྲེལ་མཐུད་མཐུན་ཚོགས་ཀྱིགཙོ་འཛིན་ཐེ་ཝན་གྱི་བྱང་ཕྱོགས་ས་ཁུལ་དའོ་ཡོན་ གནམ་ཐང་ལ་འབྱོར་ བའི་སྐབས་སུ། རྒྱ་ནག་གི་གཞུང་འབྲེལ་མི་སྣའི་གཟིགས་བསྐོར་དེར་ངོ་རྒོལ་ བྱེད་མཁན་ཐེ་ཝན་རང་བཙན་དོན་གཉེར་བ་བཅུ་ཕྲག་མང་པོས་ངོ་རྒོལ་དང་ འབྲེལ། ཉེན་རྟོག་མི་སྣར་འགྲན་རྩོད་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG