ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཐེ་ཝན་ལ་དམག་གྲུ་འཚོང་རྒྱུའི་གྲོས་གཞི་ཞིག་ལ་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོ་བྱས་ཡོད་པ།


US
US

ཨ་མི་རི་ཀས་ཐེ་ཝན་ལ་དམག་གྲུ་རྙིང་པ་འགའ་ཞིག་འཚོང་རྒྱུའི་ཁྲིམས་གཞིའི་གྲོས་འཆར་ཞིག་ལ། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀས་མོས་མཐུན་དང་རྒྱབ་སྐྱོར་བྱས་ཏེ་གཏན་འབེབས་བྱས་པར། རྒྱ་ནག་གི་ཕྱི་སྲིད་ཁང་གིས་གཟའ་ཟླ་བའི་ཉིན་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་ཡང་། ཐེ་ཝན་ལ་ཨ་མི་རི་ཀའི་པཱེ་རཱི་རྟགས་ཅན་གྱི་དམག་གྲུ་བཞི་ཚོང་འགྱུར་བྱ་རྒྱུར། གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་མགྲིན་དབྱངས་གཅིག་འགྱུར་གྱི་ཐོག་ནས་མོས་མཐུན་དང་རྒྱབ་སྐྱོར་བྱས་ཏེ་གཟའ་འཁོར་སྔོན་མ་གཏན་འབེབས་གནང་ཡོད་ཅིང་། དེ་ལ་གྲོས་ཚོགས་འོག་མས་ཁ་སྔོན་སྤྱི་ཟླ་བཞི་པའི་ནང་ཆོག་མཆན་བཀོད་དེ་གཏན་འབེབས་གནང་ཟིན་ཡོད་པ་དེ་སྐབས་ཀྱང་། རྒྱ་ནག་གིས་ཁོང་ཁྲོ་ཧ་ཅང་ཆེན་པོ་བྱས་ཡོད་པ་རེད། དེ་སྔ་སྤྱི་ལོ་༡༩༤༩དགུ་ལོའི་རྒྱ་ནག་གི་རྒྱལ་ནང་དམག་འཁྲུག་གི་ནང་། གོ་མིང་ཏང་ཤོག་ཁག་ལ་ཕམ་ཉེས་བྱུང་སྟེ་ཐེ་ཝན་གླིང་ཕྲན་ལ་བྲོས་བྱོལ་དུ་ཕྱིན་པ་ནས་བཟུང་། ཐེ་ཝན་གྱིས་རང་གི་གཞུང་སྲིད་འཛིན་སྐྱོང་རང་གིས་བྱས་ཏེ་གནས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཐེ་ཝན་དེ་བཞིན། དབུས་གཞུང་ལ་རྒྱབ་གཏོད་བྱེད་མཁན་ཞིང་ཆེན་ཞིག་ཡིན་པར་ངོས་འཛིན་མུ་མཐུད་བྱས་ཏེ། གལ་ཏེ་ཐེ་ཝན་གྱིས་རང་བཙན་ཡིིན་པ་གསལ་བསྒྲགས་བྱས་ན། དྲག་ཤུགས་ཀྱི་ཐོག་ནས་གནོན་སྡོམ་བྱེད་ཀྱི་ཡིན་ཞེས་བསྡིག་བསྐུལ་བྱེད་ཀྱི་ཡོད་སྟབས། ཨ་མི་རི་ཀའི་གཞུང་གིས་ཐེ་ཝན་ལ་རང་སྲུང་གི་ཆེད་དུ་མཚོན་ཆ་ཚོང་འགྱུར་བྱེད་ཀྱི་ཡོད་པ་དང་། འོན་ཀྱང་། རྒྱ་ནག་གི་ཕྱི་སྲིད་ཁང་གི་མགྲིན་ཚབ་པ་ཧུང་ལི་ཡིས་ དེ་ནི་ རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG