ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧོང་ཀོང་ལ་ཕེབས་རྒྱུར་རྒྱ་གཞུང་གིས་ཐོངས་མཆན་མ་སྤྲད་པར་སྲིད་བློན་གྱིས་སྐྱོན་བརྗོད།


དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་ཚོགས་ཁག་ཅིག ཧོང་ཀོང་གི་གནས་སྟངས་ལ་ཞིབ་དཔྱོད་བྱེད་པར་ཕེབས་རྒྱུ་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་རྣམ་ལ་ཐོངས་མཆན་སྤྲོད་རྒྱུ་མིན་ལུགས་བརྗོད་དེ། ཁོང་རྣམས་ཀྱི་བདེན་དོན་འཚོལ་བའི་ཞིབ་དཔྱོད་ལས་དོན་ལ་འགོག་རྐྱེན་བཟོས་པར། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས། དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས། རྒྱ་ནག་དང་དབྱིན་ཇིའི་འབྲེལ་བའི་གནས་སྟངས་སྤྱི་དང་། ལྷག་པར་དུ་ད་ལྟའི་ཧོང་ཀོང་གི་གནས་སྟངས་བཅས་ལ་ཞིབ་དཔྱོད་བྱ་རྒྱུའི་ཆེད་དུ་ཧོང་ཀོང་ལ་ཕེབས་རྒྱུའི་འཆར་གཞི་དེ། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཏེ། ཁོང་རྣམས་ཧོང་ཀོང་ལ་ཡོང་དུ་འཇུག་རྒྱུ་མིན་ལུགས་དངོས་སུ་བརྗོད་ཡོད་སྟབས། ད་ཆ་གནད་དོན་འདིའི་ཐད། དབྱིན་ཇིའི་སྲིད་བློན་སྐུ་ཞབས་ཌེ་བྷིཌ་ ཀེ་མཱ་རུན་གྱིས་ཀྱང་གཏམ་བཤད་གནང་སྟེ། རྒྱ་ནག་གཞུང་གི་ཐག་གཅོད་འདི་ནི། ནོར་འཁྲུལ་ཡིན་པ་མ་ཟད། ཧོང་ཀོང་གི་གནས་སྟངས་ཐད་མི་རྣམས་ཀྱི་བློ་འཚབ་ཞི་རྒྱུའི་ཚབ་ལ། བློ་འཚབ་དེ་བས་ཆེ་རུ་གཏོང་གཞིའི་བྱ་སྤྱོད་ཕན་མེད་གནོད་འགྱུར་ཞིག་ཡིན་པ་སྐྱོན་བརྗོད་གནང་ཡོད་པ་རེད།།

XS
SM
MD
LG