ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྡོ་སྣུམ་གྱི་གོང་ཚད་ཆག་པའི་ཁེ་ཕན་ཆེ་ཤོས་རྒྱ་ནག་ལ་ཡོང་གི་ཡོད་པ།


འཛམ་གླིང་གི་རྡོ་སྣུམ་ཕྱི་འཚོང་རྒྱལ་ཁབ་ཀྱི་མཐུན་ཚོགས་ནས་རྡོ་སྣུམ་ཐོན་སྐྱེད་ཀྱི་ཚད་གཞི་ཉུང་དུ་མ་བཏང་བར་སྔར་རྒྱུན་ལྟར་ཉིན་རེར་ལྕགས་ཟོམ་ས་ཡ་སུམ་ཅུར་མུ་མཐུད་དེ་གནས་རྒྱུའི་ཐག་གཅོད་གནང་བའི་རྗེས་སུ་རྡོ་སྣུམ་གོང་ཚད་ཆག་པ་དང་ཨ་རབ་རྒྱལ་ཁབ་གཙོ་བོར་གྱུར་བའི་རྡོ་སྣུམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཀྱི་མཐུན་ཚོགས་དང་རྡོ་སྣུམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་གཞན་ཚོའི་དབར་གོང་ཚོད་ཐད་རྩོད་གྱེང་བྱེད་བཞིན་པའི་སྐབས་ཁེ་ཕན་ཆེ་ཤོས་དེ་རྒྱ་ནག་ལ་ཡོང་གི་ཡོད་པ་དང་རྒྱ་ནག་གིས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་སྔར་བས་མང་དུ་དང་༢༠༡༥ལོ་ནས་ཉིན་རེར་རྡོ་སྣུམ་ལྕགས་ཟོམ་འབུམ་བདུན་ལྷག་ཙམ་ནང་འདྲེན་བྱས་ཏེ་གསོག་འཇོག་བྱ་རྒྱུའི་འཆར་གཞི་འདིང་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG