ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་ངོ་རྒོལ་པ་ཁ་འཐོར་གཏོང་འཆར།


འདས་པའི་ཟླ་བ་གཉིས་ལྷག་ལ་ཧོང་ཀོང་གི་སློབ་ཕྲུག་ཚོས་ཝང་ཅའོ་ས་གནས་སུ་ངོ་རྒོལ་བྱས་པ་དང་། ད་ལྟ་ཧོང་ཀོང་ས་གནས་གཞུང་གིས་ཝང་ཅའོ་ས་གནས་སུ་ངོ་རྒོལ་བྱེད་བཞིན་པའི་སློབ་ཕྲུག་ཚོ་ཁ་འཐོར་བཏང་སྟེ། སློབ་ཕྲུག་ཚོས་གུར་བརྒྱབ་ནས་མི་ཚོགས་བསྡུ་སྐོང་བྱེད་ཡོད་པ་རྣམས་གཙང་དག་བྱ་རྒྱུ། ཧོང་ཀོང་གི་ཉེན་རྟོག་པས་ཁྲིམས་ཁང་གི་བཀའ་རྒྱ་ལྟར་སྲང་ལམ་ཐོག་གི་འགོག་ར་དེ་དག་མེད་པར་གཏོང་དགོས། མི་སུ་ཞིག་གིས་ཀྱང་ཁྲིམས་ཁང་གི་གཙང་དག་བཀའ་རྒྱ་ལ་འགོག་རྐྱེན་རྒྱག་མི་ཆོག་ཅེས་ཉེན་བརྡ་བཏང་འདུག ཧོང་ཀོང་གི་སློབ་ཕྲུག་ཚོས་དམངས་གཙོའི་འོས་འདེམས་ཆེད་དུ་ས་གནས་ཁག་གསུམ་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ད་བར་ངོ་རྒོལ་བྱ་ཡུལ་གྱི་ས་གནས་ཁག་ལ་ཚོང་ལས་དང་འགྲིམ་འགྲུལ་འགགས་ནས་གྱོང་གུད་ཆེན་པོ་ཕོག་རུང་། དེ་རིང་ཕྱི་ཟླ་༡༡་ཚེས་༢༦་ཉིན་ཧོང་ཀོང་ས་གནས་གཞུང་གིས་ངོ་རྒོལ་བྱ་ཡུལ་ཁག་ནས་མི་༨༠་ཐམ་པ་འཛིན་བཟུང་བྱས་པ་དང་། ཁོང་ཚོའི་གྲས་སུ་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལེང་གོ་ཧཱོང་ཡང་ཡོད་པ་མ་ཟད། དུས་ཡུན་ཟླ་བ་གཉིས་ལྷག་གི་རྗེས་སུ་ཝང་ཅའོ་ས་གནས་ཀྱི་སྲང་ལམ་ཁག་ལ་ཆེས་ཐོག་མར་རླངས་འཁོར་འགྲོ་སྐྱོད་ཀྱི་འགྲིམ་འགྲུལ་འགོ་ཚུགས་ཐུབ་མོད། ཡིན་ནའང་ཧོང་ཀོང་གི་སློབ་ཕྲུག་ངོ་རྒོལ་པ་ཚོས་སྲང་ལམ་ཟུར་དུ་ཉེན་རྟོག་པར་རྒོལ་འཛིན་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG