ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཉེས་པ་མེད་པའི་གཞུང་ཡིག་འབྱོར་བ།


ཕྱི་རྒྱལ་གྱི་དངུལ་དང་འབྲེལ་ཡོད་རྒྱ་གར་དབུས་གཞུང་གི་ལས་ཁུངས་ཀྱིས་དེ་སྔ་ཕྱི་ལོ་༢༠༡༡་ལོར་དཔལ་རྒྱལ་བ་ཀརྨ་པ་སྐུ་འཕྲེང་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བླ་བྲང་ནས་ཕྱི་རྒྱལ་གྱི་དངུལ་འབོར་བྱེ་བ་དྲུག་ཙམ་ཞིག་ཐོན་ཡོད་པའི་གནས་ཚུལ་དེ་དང་རྒྱལ་བ་ཀརྨ་པ་གཉིས་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་ཡོད་པ་རེད།

ད་ཆ་གཞུང་འབྲེལ་ཡིག་གེ་འབྱོར་ཏེ་རྒྱལ་བ་ཀརྨ་པ་མཆོག་དང་འབྲེལ་བ་མེད་པ་གསལ་སྟོན་བྱུང་ཡོད་འདུག བཀའ་བརྒྱུད་ཆོས་ལུགས་ཀྱི་སྤྱི་འཐུས་སྐུ་ཞབས་ཀརྨ་མ་ཆོས་འཕེལ་ལགས་ཀྱིས་རྒྱལ་བ་ཀརྨ་པ་མཆོག་རྙོག་ཁྲ་དེའི་ནང་ཐོག་མ་ཉིད་ནས་འབྲེལ་བ་མེད་པ་ལྟར། ད་ཆ་གཞུང་འབྲེལ་ཡིག་ཆ་འདི་ཡིས་དད་ལྡན་པ་ཚོ་བློ་བདེ་བག་ཕེབས་ཡོང་གི་རེད་གསུང་འདུག དེའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG