ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཞིན་ཅང་ལ་རྡུང་རྡེག་ཚ་ནན།


རྒྱ་ནག་གཞུང་གིས་ཞིན་ཅང་ལ་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་ཞིག་སྤེལ་ནས་དུས་ཡུན་ཟླ་བ་༦་སོང་ཡོད་ཅིང་། ད་དུང་ཡང་འཇིགས་སྐུལ་རིང་ལུགས་པ་ཚོས་ཞིན་ཅང་ལ་གཏོར་རྒོལ་བྱས་ནས་དྲག་ཟིང་སློང་རྒྱུ་མཚམས་ཆད་མེད། ཞིན་ཅང་གི་འབྲེལ་ཡོད་ཚན་པ་ཁག་གིས་འཇིགས་སྐུལ་རིང་ལུགས་པ་ཚོར་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་རྒྱུན་འཁྱོངས་བྱ་དགོས། འདས་པའི་ཟླ་བ་༦་གི་རིང་ལ་ཆོས་ལུགས་སློབ་གཉེར་ཁང་༡༧༡་སྒོ་བརྒྱབ་པ་དང་མི་༢༣༨་འཛིན་བཟུང་བྱས་པ་ཡིན་ཞེས་རྒྱ་ནག་ཉིན་རེའི་ཚགས་པར་ལ་གནས་ཚུལ་བཀོད་འདུག རྒྱ་ནག་གཞུང་གིས་མི་༤༤་ལ་དྲ་ལམ་དུ་འབར་རྫས་ཇི་ལྟར་བཟོ་དགོས་མིན་སློབ་སྟོན་བྱས་པའི་ནག་ཉེས་བཙུགས་ཡོད་པ་དང་། མི་༢༩༤་ལ་དྲ་ལམ་དུ་དྲག་སྤྱོད་པའི་བརྙན་འཕྲིན་བསྟན་པའི་ནག་ཉེས་བཙུགས་ཡོད་པ་མ་ཟད། ཉེ་བའི་ཟླ་ཤས་ནང་དུ་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཀྱི་ཁྱབ་བསྒྲགས་ཡིག་ཆ་ཁྲི་ཚོ་༡་དང་སྟོང་ཕྲག་བརྒྱད། འཁོར་སྡེར་༢༦༠༠་ཐམ་པ་དང་ཀམ་པུ་ཊའི་གསོག་མཛོད་༧༧༧་གཞུང་བཞེས་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་ཚ་ནན་བཏང་བའི་ཞོར་དུ་ཞིན་ཅང་གི་ཡུ་གུར་གྲངས་ཉུང་མི་རིགས་ལ་དྲག་གནོན་ཅི་ཙམ་བྱས་ཡོད་མེད་དང་། ཡུ་གུར་པ་ཚོས་སྔོན་ཆད་མཐོང་ཐོས་མྱོང་གསུམ་མེད་པའི་དཀའ་སྡུག་ཚད་ལས་བརྒལ་བ་ཞིག་མྱོང་གི་ཡོད་པར་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG