ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨབྷ་གྷན་གྱི་ནང་རང་སྲོག་རང་གཅོད་པས་གཏོར་རྒོལ་བཏང་སྟེ་མི་༥༠ ལ་སྲོག་སྐྱོན་བྱུང་ཡོད་པ།


ཨབྷ་གྷན་ནི་སི་ཏན་གྱི་ཤར་ཕྱོགས་ས་ཁུལ་དུ་ལག་རྩེད་པོ་ལོའི་འགྲན་བསྡུར་བྱེད་ས་ཞིག་ལ་ལྟད་མོ་ལྟ་རུ་བསྐྱོད་པའི་མང་ཚོགས་འདུ་འཛོམས་བྱེད་ས་ཞིག་ལ་རེས་གཟའ་ཉི་མའི་ཉིན་རང་སྲོག་རང་གཅོད་པ་ཞིག་གིས་མོ་ཊ་བྷག་བྷག་བཞོན་ཏེ་གཏོར་རྒོལ་བཏང་བའི་རྐྱེན་གྱིས་མི་གྲངས་༥༠ལ་སྲོག་སྐྱོན་བྱུང་ཡོད་པ་དང་ གཞན་མི་གྲངས་༦༠ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་རེད་ རྨས་སྐྱོན་ཕོག་པ་འགའ་ཤས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་ཅིང་ སྐབས་དེར་ལག་རྩེད་པོ་ལོའི་འགྲན་བསྡུར་གྱི་སྐབས། ལྟད་མོ་ལྟ་མཁན་ཡུལ་དེའི་ཞིང་ཆེན་ཁག་གི་མཐོ་རིམ་མི་སྣ་ཁག་དང་ དེ་བཞིན་ཉེན་རྟོག་པའི་འགན་འཛིན་བཅས་ཐེ་བའི་མི་ཧ་ཅང་མང་པོ་འདུ་འཛོམས་བྱས་ཡོད་ཅིང་ གོང་ཞུས་རང་སྲོག་རང་གཅོད་པས་གཏོར་རྒོལ་གཏོང་སའི་རྫོང་སྡེ་པག་ཏི་ཀ་ནི་པ་ཀི་སི་ཏན་དང་ས་མཚམས་ས་འབྲེལ་འཁེལ་གྱི་ཡོད་པ་རེད་ ད་ལྟའི་ཆར་གཏོར་རྒོལ་གཏོང་མཁན་དེ་སུ་ཡིན་མིན་སུ་གཅིག་གིས་ཀྱང་ངོས་ལེན་བྱས་མེད་ཀྱང་ ཨབྷ་གྷ་ནི་སི་ཏན་གྱི་ནང་དེ་ལྟ་བུའི་གཏོར་རྒོལ་ཐེངས་མང་བཏང་མྱོང་ཡོད་པ་དེ་དག་གཏོང་མཁན་ནི་ཏ་ལི་བྷན་ངོ་རྒོལ་གྱེན་ལོག་ཚོགས་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG