ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དར་རྩེ་མདོ་ཁུལ་གྱི་ནང་ས་ཡོམ་བརྒྱབས་ཏེ་མི་ལྔ་ལ་སྲོག་སྐྱོན་བྱུང་ཡོད་པ།


རྒྱ་ནག་གི་ལྷོ་ནུབ་ས་ཁུལ་ཞིག་ཏུ་ས་ཡོམ་འགུལ་ཤུགས་དྲུག་དང་གྲངས་ཆུང་གསུམ་བྱས་པ་ཞིག་བརྒྱབས་པའི་རྐྱེན་གྱིས། རྨས་སྐྱོན་བྱུང་པ་ཡོངས་རྫོགས་མྱུར་སྐྱོབ་བྱེད་ཐུབ་ཡོད་ལུགས་རྒྱ་ནག་གཞུང་གཉེར་གསར་འགྱུར་ལས་ཁང་གིས། ཕྱི་ཟླ་༡༡་པའི་ཚེས་༢༣་རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་བཞིན་པའི་སྐབས་དེར། མི་གྲངས་ལྔ་ལ་སྲོག་སྐྱོན་བྱུང་པ་ཡིན་འདུག ད་རེས་ཡོམ་རྒྱབ་ཡུལ་ས་ཁུལ་དེ་ནི། ཟི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད་པའི་རི་རྒྱུད་ས་ཁུལ་དར་རྩེ་མདོའི་བྱང་ནུབ་ཏུ་ཀི་ལོ་མི་ཀྲར་༣༩ འགྱངས་ཁད་སར། སིངྒ་པུར་ཡུལ་གྱི་ཚོུད་ཀྱི་ཐོག་ནས་བརྗོད་ན། ཡུལ་དེའི་རེས་གཟའ་སྤེན་པའི་ཉིན་གྱི་ཕྱི་དྲོ་ཚོུད་༤དང་ཀརྨ་༥༥ཐོག་ཏུ་བརྒྱབས་པ་ཡིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG