ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

༧གོང་ས་མཆོག་གིས་ལྡི་ལིའི་ནང་ནེ་ཧ་རུ་དྲན་རྟེན་གྱི་གསུང་བཤད་བསྩལ་གནང་མཛད་པ།


བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་ཇ་ཝ་ཧར་ལལ་ནེ་ཧ་རུའི་གཙུག་ལག་སློབ་གཉེར་ཁང་དུ་ནེ་ཧ་རུ་དྲན་རྟེན་གྱི་གསུང་བཤད་ཆེན་མོ་བསྩལ་གནང་མཛད་ཡོད་པ་རེད། གསུང་བཤད་སྩལ་བར་ཆིབས་བསྒྱུར་བསྐྱངས་ཡུལ་གཙུག་ལག་སློབ་གཉེར་ཁང་དེའི་གཙོ་འཛིན་མཁས་དབང་ཀེ་ཀས་ཏུ་རི་རང་གན་དང་གཙོ་འཛིན་གཞོན་པ་སློབ་དཔོན་ཨེ་སི་ཀེ་སོ་པོ་རི་མརྣམ་གཉིས་ནས་༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

XS
SM
MD
LG