ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གློད་བཀྲོལ་བཏང་པའི་ཆབ་སྲིད་བཙོན་པར་ས་གནས་མི་མང་གིས་དགའ་བསུ་ཞུས་པ།


ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིིན་ལོ་ ༣༣ ཡིན་པའི་ཆབ་སྲིད་བཙོན་པ་བློ་བཟང་དཔལ་ལྡན་གློད་ འགྲོལ་ཐོབ་སྐབས་སེར་སྐྱ་མི་མང་ཁག་ཅིག་གིས་དར་དཀར་པོ་བཏང་སྟེ་དགའ་བསུ་ཞུས་འདུག ༢༠༠༨ ལོའི་ཕྱི་ཟླ་ ༦ ནང་བེ་རི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་གྱིས་དཀར་མཛེས་རྫོང་ཐོག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་ཞེས་ཞི་བའི་ངོ་རྒོལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཏེ་ལོ་དྲུག་རིང་བཙོན་འཇུག་གི་དཀའ་སྡུག་མྱང་ཡོད་པ་རེད། དེ་ཡང་གྲྭ་བློ་བཟང་དཔལ་ལྡན་ལ་བཙོན་ཁང་དུ་ཤུགས་ལས་མང་པོ་སྐུལ་བ་ལྟར་ལས་ཀ་ཧུར་ཐག་བྱས་ཡོད་པ་དང་། ཁོང་ནི་བློ་སྟོབས་ཆེ་བའི་མི་ཞིག་དང་། གཞུང་གིས་བཀའ་དང་ཚོད་འཛིན་དམ་པོ་ཇི་ལྟར་བྱས་པར་མ་ལྟོས་པར། ཞི་བའི་དགོས་འདུན་བཏོན་པར་བློ་འགྱོད་མི་བྱེད་མཁན་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG