ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྡི་ལིའི་བོད་མིའི་གཞིས་སྒར་དུ་ཕེབས་ཡོད་པ།


ཨ་མི་རི་ཀའི་གཞུང་གི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ལྕམ་སཱ་རཱ་སི་ཝལ་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་མན་ཇུ་ནུ་ཏྲི་ལ་བསམ་གཡས་གླིང་བོད་མིའི་གཞིས་སྒར་དུ་གཟིགས་ཞིབ་གནང་སྟེ། ས་གནས་བོད་མིའི་གནས་སྟངས་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ལ་འཕྲད་པའི་དཀའ་ངལ་གྱི་གནད་དོན་ཁག་གི་ཐད་ལ། འབྲེལ་ཡོད་བོད་མིའི་སྐུ་ཚབ་རྣམས་ཀྱིས་སྙན་སེང་ཞུས་པ་རྣམས་ལ་དོ་སྣང་ཆེན་པོས་གསན་ཞིབ་གནང་བ་མ་ཟད། གནད་དོན་དེ་དག་གི་ཐད་ཨ་མི་རི་ཀའི་གཞུང་གི་ཕྱོགས་ནས་དོ་འཁུར་གནང་སྟངས་རྣམས་འགྲེལ་བརྗོད་བཅས་གནང་ཡོད་པ་རེད། དམིགས་བསལ་འབྲེལ་མཐུད་པ་དང་ལྷན་དུ། ལྡི་ལིར་བཅའ་བཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེ་མོ་ཡང་ཕེབས་ཡོད་པ་དང་། ཁོང་རྣམ་པ་བསམ་གཡས་གླིང་བོད་མིའི་གཞིས་སྒར་དུ་ཕེབས་པ་མ་ཐག་པར། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་། ས་གནས་ཀྱི་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་དང་། བསམ་གཡས་གླིང་གཞིས་སྒར་གྱི་བརྒྱ་དཔོན་བཀའ་བསྟན་ཚེ་རིགས་ལགས་བཅས་ཀྱིས་གཙོས་པའི་་ས་གནས་ཀྱི་བོད་མི་རྣམས་ཀྱིས་དགའ་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད།།

XS
SM
MD
LG