ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ལན་ལ་བྲོས་བྱོལ་དུ་སོང་བའི་ཡུ་གུར་པ།


ཐེ་ལན་གྱི་ཉེན་རྟོག་པ་ཚོས་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཁ་སྔོན་ཕྱི་ཟླ་༣་ནང་མི་༢༠༠་ཡས་ཤིག་ནག་ཚོང་རྒྱག་མཁན་གྱི་སྡོད་སྒར་ཞིག་ནས་ཐེ་ལན་གྱི་ཉེན་རྟོག་པ་ཚོས་ཉེན་སྐྱོབ་བྱས་པ་དང་། ཁོང་ཚོ་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་ཞིན་ཅང་གི་ཡུ་གུར་པ་ཡིན་སྲིད་ཅིང་། མི་དེ་ཚོ་ཆོས་ལུགས་དང་རིག་གཞུང་གང་ཐད་དུ་ཐེ་ལན་པ་དང་མ་འདྲ་བ་ཞིག་ཡིན་པས། ཁོང་ཚོས་ཐེ་ལན་གཞུང་གི་དམ་དྲག་དང་སུན་གཙེར་མྱོང་དགོས་ཐུག་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་མ་ཟད། གཟའ་པ་སངས་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཐེ་ལན་ལྷོ་ཕྱོགས་ཀྱི་སུང་ཁཱ་ལ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་གིས་མི་ཁག་ཅིག་ངོ་ཐག་བཅད་དེ། ཁོང་ཚོ་འགའ་ཞིག་ཞིན་ཅང་གི་ཡུ་གུར་པ་ཡིན་པ་རྩད་ཆོད་ཐུབ་ཀྱང་། ཡུ་གུར་པ་དེ་དག་གི་མཉམ་དུ་བུད་མེད་དང་ཕྲུ་གུ་ཡོད་པ་རྣམས་མི་རིགས་གང་ཡིན་ངོ་ཐག་གཅོད་ཀྱི་མེད་པ་དང་། རྒྱ་ནག་གི་ཕྱི་འབྲེལ་དོན་གཅོད་ཁང་དེའི་ལས་སྣེ་ཆིན་ཞེས་པ་ཞིག་གིས་མི་དེ་ཚོ་རྒྱ་ནག་གི་མི་ཁོངས་ཡིན་པ་ཐག་ཆོད་མ་ཐག ཁོང་ཚོ་འཕྲལ་དུ་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG