ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་ཧོང་ཀོང་གི་མང་གཙོའི་ངོ་རྒོལ་ལ་ཐེ་བྱུས་མེད་ཅེས་གསལ་བཤད་གནང་བ།


རྒྱ་ནག་གཞུང་གིས་ཧོང་ཀོང་གི་སློབ་ཕྲུག་ངོ་རྒོལ་གྱི་ནང་ཕྱི་རྒྱལ་ཤོག་ཁག་གིས་ཐེ་བྱུས་ཡོད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་ཀྱང་། གཟའ་ལྷག་པའི་ཉིན་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་ཐེ་བྱུས་མེད་ཅེས་གསལ་བཤད་གནང་འདུག ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་ལྷན་བཞུགས་གསར་འགོད་སྐོང་ཚོགས་སྐབས་སུ། སྲིད་འཛིན་ཨོ་བྷ་མས། ཧོང་ཀོང་གི་གནད་དོན་དེ་དག་ནི་མཐར་ཐུག་ཧོང་ཀོང་མི་མང་དང་རྒྱ་ནག་མི་མང་གིས་ཐག་གཅོད་བྱེད་དགོས་པའི་གནད་དོན་རེད་ཅེས་གསུངས་པ་དང་། དུས་མཚུངས། ཨ་རིའི་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་། རང་དབང་གི་རིན་ཐང་རྩ་འཛིན་བྱས་སྟེ། མི་མང་གི་ཐོབ་ཐང་ཆེད་དུ་འགྱུར་བ་མེད་པར་གཏམ་བཤད་བྱེད་རྒྱུ་ཡིན་ལ། ཧོང་ཀོང་དུ་འོས་བསྡུ་ཕྱི་གསལ་ནང་གསལ་དང་དྲང་བདན། ཧོང་ཀོང་མི་མང་གི་བསམ་ཚུལ་མཚོན་ཐུབ་པའི་ཆེད་དུ་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG