ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཚོའི་དབར་གྱི་འབྲེལ་ལམ་གསར་པ།


རྒྱ་ནག་གི་ནང་དུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡུལ་ཁག་ གི་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་ཚོགས་བྱ་རྒྱུ་ཡིན་པའི་སྐབས་འདིར། རྒྱལ་ སྤྱིའི་འཆར་སྣང་གི་ནང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གནས་ སྟངས་ལ་འགྱུར་ལྡོག་གསར་པ་འགའ་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ དང་། དེ་ཡང་ཨ་མེ་རི་ཀས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡུལ་ ཁག་གི་གནས་སྟངས་སྙོམ་སྒྲིག་བྱ་རྒྱུའི་འབད་བརྩོན་ལ་དོན་འབྲས་སོན་རྒྱུའི་ ཚབ་ཏུ། གནས་སྟངས་འཁོད་མ་སྙོམ་པ་ཇི་སྡུག་ཏུ་སོང་ཡོད་པ་མ་ཟད། ཨ་མེ་ རི་ཀའི་སྲིད་འཛིན་གྱིས། རྒྱ་ནག་ལ་རྒྱལ་དོན་འཚམས་འདྲི་གཟིགས་སྐོར་ འགོ་འཛུགས་ཀྱང་གནང་རྒྱུ་ཡིན་པའི་སྐབས་སུ། རྒྱ་ནག་གཞུང་གཉེར་གྱི་ གསར་ཤོག་ Global Times ཡིས་རེས་གཟའ་མིག་དམར་གྱི་ཉིནསྲིད་འཛིན་ ཨོ་བྷ་མར་ལས་དོན་བྱ་རྒྱུར་ནུས་སྟོབས་མེད་ལུགས་བརྗོད་དེ། ཨ་མེ་རི་ཀའི་ སྲིད་འཛིན་ལ་སྐྱོན་བརྗོད་བྱས་ཡོད་པ་འདི་ནི། རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་པིང་གིས་སྣེ་ཁྲིད་བྱས་པའི་རྒྱ་ནག་གི་སྲིད་གཞུང་གིས། རང་གི་ རྒྱལ་ཞེན་ལ་དམིགས་པའི་ཐབས་བྱུས་ངེས་བཟུང་བྱེད་ཐབས་བྱེད་པ་དང་འབྲེལ། མཁྲེགས་བཟུང་ཆེ་བའི་ལམ་ཕྱོགས་གཅིག་ལ་ཁ་ཕྱོགས་བསྒྱུར་ཐབས་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་གྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG