ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཞཱི་ཅིང་ཕིང་གིས་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་ཕུགས་བསམ་ཞེས་པའི་གཏམ་བཤད།


པེ་ཅིང་དུ། ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་འགོ་འཛུགས་བྱ་རྒྱུའི་སྔ་ནུབ་ཏུ། རེས་གཟའ་ཉི་མའི་ཉིན། དེ་གར། མཐུན་ཚོགས་དེ་ཁོངས་ཀྱི་ཡུལ་གྲུ་ཁག་གི་ཚོང་དོན་གྱི་འགོ་ཁྲིད་དང་ཆབ་སྲིད་ཀྱི་མི་སྣ་རྣམས་ཚོགས་འཛོམས་བྱས་ཡོད་པ་དེའི་ཐོག རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གིས་གཏམ་བཤད་བྱས་ཏེ། གཞི་རྐང་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཤུགས་ཕྲན་བུ་དལ་དུ་ཕྱིན་པའི་རྣམ་པ་ཡོད་ཀྱང་། གནས་ཚུལ་འདི་ནི། བློ་འཚབ་བྱེད་དགོས་པ་ཞིག་མིན་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་ནི། ད་དུང་ཡང་འཛམ་གླིང་ནང་ནས་འཕེལ་རྒྱས་འགྲོ་མྱུར་ཤོས་ཀྱི་གྲས་ཤིག་ཏུ་གནས་མུས་རེད་ཅེས་འགྲེལ་བརྗོད་བྱས་པ་དང་འབྲེལ། འབྱུང་འགྱུར་ལོ་བཅུའི་རིང་རྒྱ་ནག་གིས། ཕྱི་ཕྱོགས་སུ་མ་རྩ་འཛུགས་འཇོག་གི་ཁྱོན་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་ལྷག་བརྒལ་རྒྱུ་དང་། ཨ་སྒོར་ཁྲག་ཁྲིག་ཆེན་པོ་བཅུ་ལྷག་གི་དངོས་ཟོག་ནང་འདྲེན་བྱ་རྒྱུ་མ་ཟད། འབྱུང་འགྱུར་ལོ་ལྔའི་ནང་། ཕྱི་ཕྱོགས་ལ་ཡུལ་སྐོར་སྤྲོ་མཆམ་པ་དུང་ཕྱུར་ལྔ་ལྷག་གཏོང་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་དེ་ཚོའི་ཐོག་ནས། མངའ་ཁུལ་གྱི་རྒྱལ་ཁབ་ཚང་མར་གོ་སྐབས་ཧ་ཅང་བཟང་པོ་འཐོབ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG