ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་བལ་ཡུལ་ལ་སླེབས་ཡོད་པ།


གཟའ་འཁོར་འདིའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་འགན་འཛིན་ བློ་བཟང་རྒྱལ་མཚན་ཞུ་བ་དེ་་བལ་ཡུལ་ནང་ལྟ་སྐོར་དུ་བསླེབས་པའི་སྐབས་འདིར་་ཁོང་གིས་བལ་ཡུལ་གྱི་་སྲིད་བློན་གྱི་གཙོས་པའི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་སྐབས་་བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་གཞུང་ལ་་གནོད་སྐྱོན་དོ་ཕོག་བཟོ་སྲིད་པའི་བྱ་སྤྱོད་ཀྱི་རིགས་ལ་དམ་དྲག་དང་བཀག་འགོག་བྱ་དགོས་པའི་ནན་སྐུལ་བྱས་འདུག ཉེ་བའི་ཆར་བལ་ཡུལ་གྱི་ནང་སྲིད་བློན་ཆེན་རྒྱ་ནག་ལ་་འཚམས་འདྲིར་ཕེབས་པའི་སྟེ་སུ་ཡང་རྒྱ་ནག་གི་དཔོན་རིགས་ཚོས་བལ་ཡུལ་གྱི་ས་མཚམས་ས་ཁུལ་དུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཇེ་མང་དུ་འགྲོ་གི་ཡོད་པ་དེ་ཚོར་བློ་འཚབ་ཆེན་པོ་ཡོང་གི་ཡོད་པའི་རྣམ་པ་གསལ་སྟོན་བྱས་ཡོད་པ་རེད། དེའི་སྐོར་རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་རྣམས་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG