ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་ཧོང་ཀོང་དང་གྲོས་མོལ།


གཟའ་པ་སངས་ཉིན་གྱི་ཐོ་རེངས་སུ་ཧོང་ཀོང་གི་ཉེན་རྟོག་པ་བརྒྱ་ཕྲག་མང་པོས་སྲང་ལམ་ནང་གི་འགོག་ར་དང་རྡོ་བརྩིགས་བཤིག་སྟེ། སློབ་ཕྲུག་ཚོས་སྲང་ལམ་ནང་དུ་གུར་བརྒྱབ་ཡོད་པ་རྣམས་བཙན་ཤེད་ཀྱིས་བསྡུ་གསོག་བརྒྱབ་པ་དང་སློབ་ཕྲུག་ཚོ་ཁ་འཐོར་གཏོང་ཐབས་བྱས་པས། ཧོང་ཀོང་གི་ཉེན་རྟོག་པ་དང་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོ་སླར་ཡང་འཁྲུག་རྩོད་དྲག་པོ་ཐུག་ཡོད་ཅིང་། སློབ་ཕྲུག་བུ་མོ་རང་ཉིད་ངོ་ཐག་གཅོད་འདོད་མེད་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ཧོང་ཀོང་གི་སྲིད་སྐྱོང་ལེང་ཁྲུང་དབྱིང་གི་སྐད་ཆ་བཤད་སྟངས་དང་ཧོང་ཀོང་གི་ཉེན་རྟོག་པས་སློབ་ཕྲུག་ཚོར་དྲག་རྩུབ་བཀོལ་སྟངས་གཉིས་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་རེད་ཅེས་བཤད་འདུག

ངས་ཉེན་རྟོག་པ་ཚོས་དྲག་རྩུབ་བཀོལ་ནས་སློབ་ཕྲུག་ཚོ་ཉལ་སའི་གུར་ཁག་ཅིག་བཙན་ཤེད་ཀྱིས་བསྡུ་གསོག་བརྒྱབ་པ་མཐོང་སོང་། ཁོ་ཚོས་ངའི་རོགས་པ་ཁག་ཅིག་གི་གུར་སྒོ་བཀག་པ་དང་། ཉེན་རྟོག་པས་དྲག་རྩུབ་བཀོལ་དགོས་དོན་མེད། ཁོ་ཚོ་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་ཡོད་པས། ང་ཚོ་ཉེན་རྟོག་པའི་བྱ་སྤྱོད་ལ་ཁོང་ཁྲོ་འགོག་ཐབས་མི་འདུག་ཅེས་བཤད་ཡོད། ཧོང་ཀོང་གི་སྲིད་སྐྱོང་ལེང་ཁྲུང་དབྱིང་གིས་སློབ་ཕྲུག་ཚོར་གྲོས་མོལ་བྱ་འདོད་ཡོད་ཅེས་གཏམ་བཤད་བྱས་ཀྱང་། དེ་ནས་དུས་ཡུན་ཆུ་ཚོད་༡༢་ཀྱི་རྗེས་སུ་ཧོང་ཀོང་གི་ཉེན་རྟོག་པས་ལྐོག་འཇབ་བྱས་ནས་སློབ་ཕྲུག་ཚོ་ཁ་འཐོར་གཏོང་ཐབས་བྱས་པས། ཧོང་ཀོང་གི་སློབ་ཕྲུག་མནའ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཨ་ལིཀ་སི་ཆའོ་ཡིས་བཤད་པ་ལྟར་ན། སློབ་ཕྲུག་ཚོ་སྲིད་སྐྱོང་ལེང་ཁྲུང་དབྱིང་གིས་གྲོས་མོལ་བྱ་འདོད་ཡོད་ཟེར་པའི་སྐད་ཆ་དེ་ལྷག་བསམ་རྣམ་དག་ཡིན་མིན་དོགས་པ་ཡོད། ཁོང་ལ་གྲོས་མོལ་བྱ་འདོད་ཡོད་ན་ལྐོག་ཏུ་ཉེན་རྟོག་པ་བཏང་ནས་སློབ་ཕྲུག་ཚོ་ཁ་འཐོར་གཏོང་ཐབས་བྱ་དགོས་དོན་ཅི་ཞིག་ཡིན་ནམ། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམངས་གཙོའི་འོས་འདེམས་བྱ་མི་ཆོག་ཟེར་པ་དེར་ཧོང་ཀོང་གཞུང་གིས་ཁྲིམས་ཐོག་ནས་མོས་མཐུན་མེད་ཅེས་བཅའ་ཁྲིམས་གཏན་འབེབས་བྱས་མ་སོང་ཞེས་བཤད་འདུག

ད་ལྟའི་དཀའ་ངལ་འདི་སེལ་ཐབས་སུ་ཧོང་ཀོང་མི་དམངས་དང་སློབ་ཕྲུག་ཚོས་གཞུང་གི་འགོ་ཁྲིད་ཚོར་གདམ་ཀ་མང་པོ་ཞིག་སྤྲད་ཡོད། ཡིན་ནའང་ང་ཚོས་ཧོང་ཀོང་གཞུང་གིས་དོན་དངོས་ལ་འཚམས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་མཐོང་མ་སོང་། ང་ཚོའི་གྲོས་མོལ་ལ་གྲུབ་འབྲས་འཐོན་རྒྱུ་ཡིན་མིན་ཧོང་ཀོང་གཞུང་ལ་རག་ལོས་ཡོད་ཅེས་བཤད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG