ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་རོབ་དང་རྒྱ་ནག་གིས་འཇིགས་བསྐུལ་རིང་ལུགས་པར་རྒོལ་ལན་སློག་ཕྱོགས་སུ་མཉམ་འབྲེལ་བྱེད་རྒྱུར་མོས་མཐུན།


རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ཀྱིས། དཀྱིལ་ཤར་ ཡུལ་ཁག་དང་ཨ་ཕྷི་རི་ཀའི་ནང་དུ་ཡོད་པའི་མཐར་ལྷུང་རིང་ལུགས་པ་དང་། འཇིགས་ བསྐུལ་རིང་ལུགས་པ་རྣམས་ལ་ཁ་གཏད་གདོང་ལེན་གྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་ རྒྱུར་རེས་གཟའ་ཕུར་བུའི་ཉིན་གྲོས་མཐུན་བྱུང་ཡོད་ལུགས་ཡུ་རོབ་མཉམ་འབྲེལ་མཐུན་ ཚོགས་ཀྱིས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་སྲིད་བློན་ལི་ཀའི་ཆིང་གིས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཙོ་འཛིན་ Jose Manuel Barroso དང་ ཡུ་རོབ་མཉམ་འབྲེལ་མཐུན་ཙོགས་ཀྱི་འཛིན་སྐྱོང་གཙོ་ འཛིན་Herman Van Rompuy རྣམ་གཉིས་རེས་གཟའ་ལྷག་པའི་དགོང་དྲོར་ཨེ་ཤི་ ཡ་དང་ཡུ་རོབ་ཡུལ་ཁག་གི་དབུ་ཁྲིད་རྣམས་Italy ཡི་གྲོང་ཁྱེར་ Milan གྱི་ནང་དུ་ གནང་བཞིན་པའི་ལྷན་ཚོགས་ཀྱི་ཞོར་དུ་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་དང་ ཁོང་རྣམས་ཀྱིས། དཀྱིལ་ཤར་ཡུལ་གྲུ་དང་། ཨ་ཕྷི་རི་ཀའི་བྱང་ཕྱོགས་ས་ཁུལ་དང་། ཨ་ཕྷི་རི་ཀའི་ Sahel ས་ཁུལ་བཅས་ས་ཁུལ་ཁག་གི་གནས་སྟངས་ལ་བསྐྱར་ཞིབ་བྱས་ པའི་མཇུག་ཏུ། ས་ཁཱུལ་དེ་དག་ནང་གི་མཐར་ལྷུང་རིང་ལུགས་པ་དང་། འཇིགས་བསྐུལ་རིང་ལུགས་པ་རྣམས་ལ་རྒོལ་ལན་སློག་ཕྱོགས་སུ་མཉམ་འབྲེལ་གྱི་ལས་དོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་མཐུན་དེ་བྱུང་ཡོད་ལུགས་བརྗོད་ཡོད་ཀྱང་། མཉམ་འབྲེལ་གྱི་ལས་དོན་གང་འདྲ་ཞིག་བྱ་རྒྱུ་ཡིན་མིན་གྱི་སྐོར་ལ་ཁ་གསལ་གང་ཡང་བརྗོད་མེད་པ་རེད།

XS
SM
MD
LG