ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གིས་བོད་ནང་ཕེབས་རྒྱུའི་ཐད་རྒྱ་ནག་དང་བགྲོ་མོལ་གནང་བཞིན་པ་ཡིན་ཞེས་གསུང་འདུག


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གསར་པ་ཛེ་ཡེ་ཐི་ཧོ་སིན་ནས་ཕྱི་ཟླ་བཅུ་པའི་ཚེས་༡༦གཟའ་ཕུར་བུའི་ཉིན་ ཁོང་གིས་འགན་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་ཀྱི་གསར་འགོད་ལྷན་ཚོགས་དང་པོ་དེའི་ཐོག་ བོད་ནང་གི་གནས་སྟངས་ལ་རྟོག་ཞིབ་ཆེད་དུ་བོད་ནང་ཕེབས་རྒྱུའི་སྐོར་ལ་རྒྱ་ནག་གི་དཔོན་རིགས་ཚོ་དང་གྲོས་མོལ་གནང་བཞིན་པ་ཡིིན་ཞེས་གསུང་ཡོད་པ་དང་ལོ་སྔོན་མ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་བསྐྱར་ཞིབ་གནང་བའི་སྐབས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་བོད་ནང་ཕེབས་འཇུག་དགོས་པའི་བསམ་འཆར་ལ་རྒྱ་ནག་གིས་ཁས་ལེན་བྱས་ཡོད་པས་དེའི་ཐད་ལ་གྲོས་མོལ་གནང་བཞིན་པ་ཡིན་ཞེས་གསུངས་ཡོད་པ་རེད།

XS
SM
MD
LG