ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་བྱང་ཀོ་རི་ཡའི་དྲག་པོའི་དཔོན་རིགས་ཕན་ཚུན་གྲོས་མོལ་བྱས་ཡོད་པ།


ལྷོ་བྱང་ཀོ་རི་ཡའི་ས་ཐོག་དང་མཚོ་བརྒྱུད་ས་མཚམས་ཁག་གི་ནང་ཉེ་སྔོན་ཕྱོགས་ཕན་ཚུན་མེ་མདའ་རྒྱག་རེས་ཀྱི་དོན་རྐྱེན་བསྟུན་མར་བྱུང་པར་བརྟེན་ཡུལ་གྲུ་གཉིས་ཀྱི་ཆེས་མཐོའི་དྲག་པོའི་དཔོན་རིགས་ཕན་ཚུན་རེས་གཟའ་ལྷག་པའི་ཉིན་ཐུག་འཕྲད་གྲོས་མོལ་བྱས་ཡོད་ལུགས་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གི་བརྗོད་ཡོད་པ་དང་ དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པར་གཞིགས་ན་ ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་དྲག་པོའི་མཐོ་རིམ་དཔོན་རིགས་ཕན་ཚུན་ས་མཚམས་གྲོང་ཚོ་ཕན་མུན་ཇོམ་གྱི་ནང་དུས་ཡུན་ཆུ་ཚོད་ལྔ་ཙམ་ཞིག་རིང་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་དེ་ནི་ འདས་པའི་ལོ་བདུན་གྱི་ནང་ཕན་ཚུན་དགྲ་ཁ་གཏད་ཀྱི་འདུ་ཤེས་ལྟ་བུར་ངོས་འཛིན་བྱེད་མཁན་ལྷོ་བྱང་ཀོ་རི་ཡ་ཡུལ་གྲུ་གཉིས་ཀྱི་དྲག་པོའི་མཐོ་རིམ་མི་སྣ་ཕན་ཚུན་ཐུག་འཕྲད་གྲོས་མོལ་བྱས་པ་ནི་དྲག་པོའི་མི་སྣའི་གྲོས་མོལ་གྱི་རིམ་པ་མཐོ་ཤོས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད་ ཉེ་ལམ་རེས་གཟའ་པ་སང་གི་ཉིན་། ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཁུལ་དུ་མེ་མདའ་རྒྱག་རེས་བྱས་པའི་དོན་རྐྱེན་བྱུང་པར་བརྟེན་ གོང་ཞུས་ཆེས་མཐོའི་དྲག་པོའི་མཐོ་རིམ་མི་སྣ་ཕན་ཚུན་ཐུག་འཕྲད་གྲོས་མོལ་དེ་བྱས་པ་ཞིག་ཡིན་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG