ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་གྱིས་ས་མཚམས་སུ་གཞུང་ལམ་གསར་རྒྱག་བྱ་རྒྱུར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ།


རྒྱ་གར་གཞུང་གི་ནང་སྲིད་ལྷན་ཁང་ནས་ས་མཚམས་ཀྱི་ཐད་རྩོད་གཞི་ཡོད་པའི་ཨ་རུ་ན་ཅལ་པར་ལྡི་ཤི་མངའ་སྡེའི་ས་མཚམས་སུ་རིང་ཚད་ཀི་ལོར་མི་ཁྲལ་༢༠༠༠ཅན་གྱི་གཞུང་ལམ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཏེ་ཡུལ་གཉིས་ས་མཚམས་ཀྱི་ཐད་ལ་རྩོད་གཞི་ཡོད་བཞིན་པའི་ཐོག་ལ་རྒྱ་གར་གཞུང་གིས་རྩོད་གཞི་ཆེ་རུ་གཏོང་རྒྱུའི་ལས་དོན་རིགས་མ་བྱེད་པའི་རེ་བ་ཡོད་ཅེས་དང་ རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཀྱི་གནད་དོན་དེ་ནི་ནུབ་ཕྱོགས་བའི་མི་སེར་སྤེལ་མཁན་གྱིས་བཟོས་པ་ཞིག་རེད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་ཡོད་པ་རེད།

XS
SM
MD
LG