ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡོ་རོབ་ཀྱི་ནང་འཚམས་གཟིགས།


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནས་འདི་ཟླའི་ཚེས་༡༢་ནས་༡༥བར་ཅེག་ག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཉི་སྟོང་ཐམ་པའི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་སུ་གསུང་བཤད་གནང་རྒྱུར། གྲོང་ཁྱེར་ རྤ་རག་ནང་ཆིབས་བསྒྱུར་གནང་ཡོད་པ་རེད།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེག་ག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་། ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཝ་སི་ལབ་ཧ་ཝལ་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་མངགས་བརྗོད་དང་། དམ་པ་ཁོང་གིས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་མཐོང་ལྡན་པའི་སྒོ་ནས་གདན་ཞུས་གནང་བ་སོགས་ནི་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ཁག་གལ་ཆེར་རྩ་འཛིན་གནང་གི་ཡོད་པ་གསལ་པོ་རེད་ཅེས་བཀའ་གནང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG