ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ང་བཙོན་ཁང་ལ་ཚུད་པ་དཀོན་མཆོག་གི་བཀའ་དྲིན་ཡིན།


རྒྱ་ནག་དམར་ཤོག་ཚོགས་པས་རང་ཡུལ་གྱི་ཡེ་ཤུའི་ཆོས་ཚོགས་ཁག་དང་ཡེ་ཤུ་ཆོས་དད་པ་ཚོར་དམ་དྲག་ནན་པོ་བྱེད་ཀྱི་ཡོད་ཀྱང་། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་ཡེ་ཤུའི་ཆོས་ལུགས་དར་ཁྱབ་འགྲོ་བའི་མྱུར་ཚད་དེ་འགོག་ཐབས་མེད་པ་ཞིག་ལ་གྱུར་ཡོད་ཅིང་། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཀྲེ་ཅང་ཞིང་ཆེན་གྱི་ཝེན་ཀྲུག་གྲོང་ཁྱེར་དུ་ཡེ་ཤུའི་ལྷ་ཁང་ཞིག་རྩ་གཏོར་བཏང་སྟེ། ལྷ་ཁང་གཏོར་བཤིག་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་ཆོས་དཔོན་ཧཱོང་དབྱི་ཙི་ཞེས་པ་ཞིག་འཛིན་བཟུང་བྱས་པ་དང་། ཁོང་ལ་ཝེན་ཀྲུག་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ཞིག་གིས་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་པའི་ཉེན་ཀ་ཡོད་རུང་། རང་ལོ་༤༠་ཐམ་པར་སོན་པའི་ཆོས་དཔོན་ཧཱོང་གིས་ང་སོ་སོའི་བསྟན་པའི་དོན་དུ་བཙོན་ཁང་འགྲིམ་དགོས་པའི་གོ་སྐབས་འཐོབ་ཚེ། ངས་དེ་དཀོན་མཆོག་གི་བཀའ་དྲིན་ཡིན་སྙམ་ནས་དགའ་བཞིན་སྤྲོད་བཞིན་བཙོན་ཁང་ལ་འགྲོ་འདོད་ཡོད་ཅེས་ཁྲིམས་རྩོད་གླེང་མོལ་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG