ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱལ་ཚོགས་ཀྱི་སྨན་ཞབས་པ་ཞིག་ལ་ཨི་བྷོ་ལཱ་འགོས་ནད་བྱུང་ནས་འདས་གྲོངས།


དེང་སྐབས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལཱ་བི་རི་ཡ་དང་སེ་ར་ལི་འོང་། གྷི་ཎི་བཅས་ནས་ཐོན་པའི་འགོས་ནད་ཨི་བྷོ་ལཱ་ཟེར་པ་ཞིག་ཁྱབ་གདལ་སོང་སྟེ། ད་བར་མི་སྟོང་ཕྲག་༤་ལྷག་ལ་འཆི་སྐྱོན་བྱུང་ཡོད་ཅིང་། མདང་དགོང་འཇར་མན་ཎིའི་སྨན་ཁང་ཞིག་ཏུ་རང་ལོ་༥༦་ལ་སོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལས་སྣེ་སྐྱེས་པ་ཞིག་ལའང་ཨི་བྷོ་ལཱ་འགོས་ནད་ཕོག་ནས་འདས་གྲོངས་སུ་གྱུར་ཏེ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨི་བྷོ་ལཱ་ནད་ཡམས་འདི་ཉེ་རབས་ཀྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་ནད་ཡམས་ཚབས་ཆེན་ཞིག་ཡིན་སྲིད་པས། མི་མང་གི་དཔལ་འབྱོར་འཛུགས་སྐྲུན་ལ་བར་ཆད་ཆེན་པོ་ཞིག་ཡིན་ཞིང་། ང་ཚོས་མི་དམངས་ལ་ཨི་བྷོ་ལཱའི་ནད་ཡམས་དེ་ཉིད་ཇི་ལྟར་སྔོན་འགོག་བྱ་དགོས་མིན་གྱི་སློབ་སྟོན་གང་ལེགས་ཤིག་བྱ་ཐུབ་ཚེ། ཨ་ཧྥི་རི་ཀ་ནས་ཁྱབ་གདལ་སོང་བའི་འགོས་ནད་དེ་སྔོན་འགོག་བྱ་མི་ཐུབ་པ་ཞིག་མིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་འདུག འདས་པའི་ཟླ་བ་འགའ་ཞིག་གི་ནང་དུ་མི་སྟོང་ཕྲག་༤་ལྷག་ལ་ཨི་བྷོ་ལཱ་འགོས་ནད་བྱུང་ནས་འདས་གྲོགས་སུ་གྱུར་པ་ཕལ་ཆེ་བ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལཱ་བི་རི་ཡ་དང་སི་ར་ལི་འོང་། གྷི་ཎི་གསུམ་གྱི་མི་མང་ཡིན་པ་མ་ཟད། ཨ་ཧྥི་རི་ཀའི་རྒྱལ་ཁབ་དེ་དག་གི་ནང་དུ་སྨན་ཞབས་སྲི་ཞུ་སྒྲུབ་མཁན་ཨ་མི་རི་ཀ་བ་ཞིག་ལའང་ཨི་བྷོ་ལཱ་འགོས་ནད་ཕོག་སྟེ། གཟའ་འཁོར་སྔོན་མར་མི་དེ་ཨ་རིའི་ཊེཀ་སི་སི་མངའ་སྡེའི་ཌ་ལ་སི་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་པ་དང་། ད་ལྟ་ནད་པ་དེར་ལྟ་རྟོག་བྱེད་མཁན་སྨན་ཁང་གི་སྨན་ཞབས་པ་ཞིག་ལའང་ཨི་བྷོ་ལཱ་འགོས་ནད་ཕོག་ཡོད་ངོས་ཟིན་ཡོད་པས། ཐོག་མར་ཨ་ཧྥི་རི་ཀ་ནས་ཐོན་པའི་འགོས་ནད་དེ་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་ཁྱབ་གདལ་འགྲོ་སྲིད་པའི་བློ་འཚབ་ཡོང་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG