ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

པུ་ཏིན་དང་གྲོས་མོལ་མ་བྱས་གོང་རྒྱ་ནག་དང་ར་ཤི་ཡའི་སྲིད་བློན་ཐུག་འཕྲད།


གྲང་དམག་མཁོན་འཛིན་གྱི་དུས་སྐབས་ནས་བཟུང་ནུབ་ཕྱོགས་ཡུལ་ཁག་དང་ཧ་ཅང་ཕད་གྱང་གི་གནས་སྟངས་དེར་ར་ཤི་ཡས་གདོང་ལེན་བྱས་པའི་སྐབས་དེར་ ཁ་ཉིན་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་བློན་ལི་ཀ་ཅིང་ ར་ཤི་ཡར་ཉིན་གྲངས་གསུམ་རིང་གི་ལྟ་སྐོར་དུ་འབྱོར་ཡོད་པ་དང་ རྒྱ་ནག་གི་སྲིད་བློན་ནས་ར་ཤི་ཡའི་སྲིད་འཛིན་ཝ་ལ་རྡི་མིར་པུ་ཏིན་དང་ཐུག་འཕྲད་མ་བྱས་གོང་ཁེ་ས་རེས་གཟའ་ཟླ་བའི་ཉིན་ ར་ཤི་ཡའི་སྲིད་བློན་གྲི་མི་ཏྲི་མེདྲ་ཝེདྲབ་དང་ཐུག་འཕྲད་བྱས་པ་དང་སྐབས་དེར་ སྲིད་བློན་གཉིས་ཀྱི་རྒྱལ་ཁབ་གཉིས་དབར་གྱི་དཔལ་འབྱོར་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་དཔལ་བྱོར་གྱི་མཐུན་གྲོས་མང་པོ་ཞིག་གི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་པ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG