ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་ནང་ནད་ཨི་བྷཱོ་ལ་འགོས་པའི་མི་གཞན་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ།


ཨ་མི་རི་ཀའི་མངའ་སྡེ་ཀྲེག་སེ་སེ་ཡི་སྨན་ཁང་གི་ལས་བྱེད་པ་ཞིག་ལ་འགོས་ནད་ཨི་བྷཱོ་ལ་ཡོད་པ་གསལ་པོ་ཤེས་རྟོགས་བྱུང་ཡོད་པར་བརྟེན་ཨ་མི་རི་ཀའི་ནང་ཁྱབ་འཕེལ་དུ་འགྲོ་རྒྱུའི་འཇིགས་སྣང་ཆེ་རུ་འགྲོ་གི་ཡོད་ཅིང་། ཨ་མི་རི་ཀའི་ནད་ཡམས་བཀག་སྡོམ་ལས་ཁང་གིས་དེ་རིང་གཟའ་ཉི་མའི་ཉིན་བཏོན་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་བཀོད་གསལ་ལ་ཀྲེག་སེ་སེ་ཡི་ནད་འབུ་རྟག་དཔྱད་ཁང་ཞིག་གིས་ཉེ་དུས་རྐྱེན་འདས་སུ་ཕྱིན་པ་ལཡེ་བྷི་རི་ཡའི་མི་རིགས་ཌན་ཀན་ལ་སྨན་བཅོས་ཀྱི་རོགས་སྐྱོབ་བྱེད་མཁན་ལས་བྱེད་ཞིག་ལ་རྟག་དཔྱད་བྱེད་པའི་སྐབས་ ཁོ་པར་འགོས་ནད་ཨི་བྷཱོ་ལ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཨ་མི་རི་ཀའི་ནད་ཡམས་བརྟག་དཔྱད་ཁང་གིས་ལས་བྱེད་དེར་ཨི་བྷཱོ་ཡོད་མེད་བརྟག་དཔྱད་གཞན་ཞིག་བྱེད་འཆར་ཡོད་པའི་སྐོར།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG