ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀ་ལོན་སྦུག་བོད་གཞུང་སློབ་གྲྭའི་ལོ་ལྔ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།


དེ་ཡང་སློབ་དགེ་ཟུར་པ་དང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚེ་དབང་དཔལ་འབྱོར་ལགས་ཀྱིས་གསུངས་དོན་ལ་ ལོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་གར་བཅས་ནས་སློབ་ཟུར་མང་པོ་ཆེད་དུ་འབྱོར་འདུག་པ་མ་ཟད། དུས་དྲན་མཛད་སྒོའི་གོ་སྒྲིག་གི་ལས་དོན་ལ་སློབ་ཟུར་ཚོས་འགན་གཙོ་བོར་བླངས་ཡོད་པ་དང་། ཉིན་གསུམ་གྱི་མཛད་སྒོར་ས་གནས་རྒྱ་གར་བའི་དཔོན་རིགས་དང་བོད་མི་བཅས་ཀྱིས་མཉམ་ཞུགས་གནང་ནས་དུས་དྲན་ཞུ་སྒོ་མཐའ་དག་ལམ་ལྷོང་ལྡན་པ་བྱུང་སོང་ཞེས་འགྲེལ་བརྗོད་གནང་འདུག་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ད་བར་གྱི་སློབ་གྲྭའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོས་ཕྱི་ནང་གི་ཤེས་ཡོན་ལ་སློབ་སྦྱོང་མཐར་སོན་གནང་ནས་སོ་སོའི་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པའི་སྙིང་སྟོབས་བཅངས་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG