ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྷ་ས་དང་ཟི་ལིང་འབྲེལ་མཐུད་བྱེད་པའི་མྱུར་ལམ་ཞིག་འཛུགས་བསྐྲུན་བྱ་འཆར་ཡོད་པ།


རྒྱ་ནག་གིས་བོད་ནང་རིང་ཚད་ཀྱི་ལོ་མི་ཀྲར་༡༩༠༠ལྷག་ཡོད་པའི་མེ་འཁོར་ལྕཌ་ལམ་ཞིག་བཟོ་བསྐྲུན་བྱས་ཡོད་པའི་རྗེས་ད་ཆ་ཡུལ་དེས་བོད་ཀྱི་རྒྱལ་ས་དང་མཚོ་སྔོན་ཞིང་ཆེན་འབྲེལ་མཐུད་བྱེད་པའི་རྒྱ་ལམ་ཆེན་མོ་ཞིག་འཛུགས་བསྐྲུན་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་ཅིང་། ཡུལ་དེའི་དམར་ཤོག་ཚོགས་པའི་ཨར་ལས་འགོ་འཛིན་ཝཱང་གིས་གསར་འགོད་པ་ཚོར་བཤད་གསལ་ལ་རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཁག་མཐོ་དྲགས་པའི་རྐྱེན་གྱིས་་མྱུར་ལམ་ཆེན་མོ་འཛུཌ་བསྐྲུན་བྱ་རྒྱུའི་དཀའ་ངལ་ཁག་ཅིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་རུང་། ཡིན་ན་ན་ཡང་། རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་མཚོ་སྔོན་ཞིང་ཆེན་དབར་མྱུར་མགྱོཌ་རྒྱ་ལམ་ཆེན་མོ་ཞིག་བཟོ་བསྐྲུན་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་བཤད་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་གིས་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG