ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་ལ་གདུང་སེམས་མཉམ་སྐྱེད།


ཧོང་ཀོང་གི་ནང་། སློབ་གཉེར་བ་གཙོ་བོར་གྱུར་བའི་མི་ཁྲི་ཚོ་མང་པོས། རང་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཆ་ཚང་དགོས་པའི་དགོས་འདུན་བཏོན་སྟེ། ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ནས་ད་ཆ་གཟའ་འཁོར་གཅིག་མིན་ཙམ་ཞིག་འགྲོ་གི་ཡོད་པ་དང་། ལྷག་པར་དུ་སྤྱི་ཟླ་བཅུ་པའི་ཚེས་གཅིག་གི་ཉིན་མོ་དེ་ནི། རྒྱ་ནག་དམར་པོའི་གཞུང་བཙུགས་ནས་ལོ་༦༥འཁོར་བའི་རྒྱལ་བཙུགས་དུས་ཆེན་ཟེར་བ་ཡང་འཁེལ་གྱི་ཡོད་སྟབས། དེ་ཉིན་དམངས་གཙོ་དོན་གཉེར་བ་དེ་བས་མང་བ་འདུ་འཛོམས་བྱུང་སྟེ་ལས་འགུལ་སྤེལ་བའི་སྐབས་དེར། བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་རྡ་རམ་ས་ལར། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས། འདིའི་སྐོར་བཞུགས་སྒར་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG