ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྩོད་གཞི་ཆེ་བའི་མཚོ་གླིང་ཁག་གི་ཉེ་འགྲམ་དུ་དྲག་པོའི་སྦྱོང་བརྡར་འགོ་འཛུགས་བྱས་ཡོད་པ།


ཕྷི་ལི་པིནས་དང་ཨ་མེ་རི་ཀའི་དམག་མི་སྟོང་ཕྲག་མང་པོས། རེས་གཟའ་ ཟླ་བའི་ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་ཆེ་བའི་མཚོ་ཁ་ཁག་གི་རྒྱུད་དུ། ལོ་རེའི་དམག་རྩལ་སྦྱོང་བརྡར་འགོ་འཛུགས་བྱས་ཏེ། གལ་ཏེ་ཛ་དྲག་གི་ གནས་ཚུལ་ཅི་འདྲ་ཞིག་བྱུང་པ་ཡིན་རུང་། དེར་སྲུང་སྐྱོབ་ཀྱི་མཐུན་ཕྱོགས་ རྙིང་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱིས་གདོང་ལེན་བྱ་ཕྱོགས་སུ་གྲ་སྒྲིག་ཡིན་མིན་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། ཕྷི་ལི་པིནས་དང་རྒྱ་ནག་གི་རྩོད་རྙོག་ནི། ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་གི་ བདག་དབང་གི་གནད་དོན་ལ་ཐུག་བཞིན་ཡོད་པ་དང་། མཚོ་གླིང་དེ་དག་ལ་ རང་བྱུང་གཏེར་རྫས་ཕྱུག་པོ་ཡོད་པ་ལྟར། ལོ་རེའི་ཚོང་འབྲེལ་གྱི་མ་གནས་ནས་ ཨ་སྒོར་ཐེར་འབུམ་ལྔའི་སྐོར་ཞིག་མཚོ་གླིང་ཁག་གི་གཏེར་རྫས་ལས་ཡོང་གི་ཡོད་པ་ཡིན་འདུག ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སེཔཊལི་མཚོ་གླིང་ཁག་གི་བདག་ དབང་གྱི་ཐད། བྷུ་རུ་ནི། མྭ་ལེ་ཤི་ཡ། ཐའི་ཝན།ཝིཌ་ནམ་བཅས་ནས་ཀྱང་ བདག་དབང་ཡོད་ལུགས་རྩོད་གླེང་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG