ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧ་ལིམ་ཐུ་ཐི་གི་ནག་ཉེས་ཡིན་ཟེར་བ་ཞིབ་ཕྲ་ཕྱིར་བསྒྲགས་བྱས་པ།


ཡུ་གུར་མི་རིགས་ཀྱི་ཤེས་ཡོན་ཅན་སྐུ་ཞབས་ཧཱ་ལིམ་ཐུ་ཐི་ཚེ་གང་བཙོན་འཇུག་རྒྱུའི་ཁྲིམས་ཐག་བཅད་ནས་ཉིན་གསུམ་ཕྱིན་པའི་རྗེས་ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཁོང་གི་ཁ་བྲལ་ནག་ནག་ཉེས་ཀྱི་དཔང་རྟགས་ཡིན་ཟེར་བའི་གནས་ཚུལ་ཞིབ་ཕྲ་ཞིག་ཤིང་ཧ་གསར་འགྱུར་ཁང་གིས་ཕྱིར་བསྒྲགས་བྱས་འདུག

རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཁང་གིས་བཏོན་པའི་གནས་ཚུལ་འདིའི་ནང་ སྐུ་ཞབས་ཧཱ་ལིམ་ཐུ་ཐེ་གིས་ དེ་སྔོན་མི་རིགས་སློབ་གྲ་ཆེན་པོའི་ནང་སློབ་ཁྲིད་བྱས་པའི་སྐབས་སློབ་ཁང་ནང་ ཁོང་ནི་ཏུར་གེ་སི་ཏན་བ་ཞིག་ཡིན་པ་ལས་རྒྱ་ནག་གི་མི་ཞིག་མིན་ཞེས་བཤད་པ་རེད་ཅེས་འཁོད་ཡོད་པ་མ་ཟད་ ཡང་ཁོང་གིས་ལུང་དྲང་བའི་ཡུ་གུར་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་གྱི་འབྲས་བུར་ ཡུ་གུར་མི་དམངས་ཀྱི་བརྒྱ་ཆ་༡༢ཙམ་གྱིས་ཁ་བྲལ་བྱེད་རྒྱུའི་འདོད་པ་བྱེད་ཀྱི་ཡོག་རེད་ཅེས་བཤད་ཡོད་པ་འདི་ནི་ དོན་དངོས་བསམ་ཚུལ་བསྡུ་ལེན་དེ་འདྲ་ཞིག་རྩ་བ་ནས་བྱས་མེད་པས་ དེ་ནི་ཁོང་ཡི་རྫུན་གཏམ་བཤད་བ་ཞིག་རེད་ཅེས་འཁོད་འདུག

སྐུ་ཞབས་ཧཱ་ལིམ་ཐུ་ཐེ་གི་དགས་ཡིས་ཁྲིམས་རྩོད་པ་ལི་ཧྤང་ཕིང་གིས་ ཤིང་ཧ་གསར་འགྱུར་ཁང་གི་སྤེལ་བའི་གནས་ཚུལ་དེ་ཚོར་སྐྱོན་བརྗོད་གནང་སྟེ་ སྐུ་ཞབས་ཧཱ་ལིམ་ཐུ་ཐེ་རྒྱ་ནག་གི་མི་མིན་ཟེར་བའི་ཉེས་འཛུགས་འདི་ ཁྲིམས་ཁང་ནང་ངོ་སྤྲོད་བྱས་པའི་དཔག་རྟགས་ནང་མེད་པ་དང་ ཡང་བསམ་ཚུལ་བསྡུ་ལེན་གྱི་འབྲས་བུ་དེ་ནི་ སྐུ་ཞབས་ཐུ་ཐེ་ཡིས་ རྩོམ་ཡིག་གཞན་ནས་ལུང་འདྲེན་བྱས་པ་ཞིག་ལས་ཁོང་རང་གིས་ཐད་ཀར་བཤད་པའི་སྐད་ཆ་ཞིག་མ་རེད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG