ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་ཐོག་གསུང་བཤད་གནང་བ།


ཉེ་ཆར་ཕྱི་ཟླ་༩་ཚེས་༡༧་གྱི་མཚན་མོར་རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་ཁོངས་སུ་ཆ་བགོས་བྱས་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ལྗོངས་ཁུལ། བསང་ཆུ་རྫོང་གི་ཨ་མཆོག་ཡུལ་ཚོ། སྒྲོག་མདོ་སྡེ་བའི་བོད་པ་ན་གཞོན་ལྷ་མོ་བཀྲ་ཤིས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ། ཁོང་གིས་ཁུལ་དེའི་ཉེན་རྟོག་ཁང་གི་སྒོ་མདུན་དུ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། འདས་པོ་དེ་ཉིད་ཀྱི་ཆེད་དུ་ཕྱི་ཟླ་༩་ཚེས་༢༥་ཉིན་རྒྱ་གར་དྷ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་བྱས་ཡོད་པའི་སྐོར། ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་དྷ་རམ་ས་ལ་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG