ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་སྲིད་བློན་མཱོ་དྷི་ཡིས་ཨ་རིའི་སྲིད་འཛིན་ཨཽ་བྷ་མ་དང་མཇལ་འཕྲད།


རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེན་དྷར་ མཱོ་དྷི་ རེས་གཟའ་པ་སངས་ཉིན་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་འདི་ནི། ཁོང་གིས་སྲིད་བློན་གྱི་གནས་བབས་ཐོག་ནས་ཨ་མི་རི་ཀར་འཚམས་འདྲི་གནང་བ་ཐོག་མ་དེ་ཆགས་རྒྱུ་ཡིན་ཞིང་། ཐེངས་འདིའི་འཚམས་འདྲིའི་སྐབས་སུ། ཁོང་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་བསྩལ་རྒྱུ་དང་། ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ ཨཽ་བྷ་མ་དང་ཕོ་བྲང་དཀར་པོར་མཇལ་འཕྲད་གྲོས་མོལ་གནང་རྒྱུ། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་དང་། མཐོ་རིམ་གཞུང་འབྲེལ་མི་སྣ་དང་། གནད་ཡོད་མི་སྣ་མང་པོ་ཞིག་བཅས་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་མ་ཟད། ཨ་མི་རི་ཀའི་བཟོ་ཚོང་ཁང་ཆེ་ཁག་གི་འགན་འཛིན་རྣམས་དང་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། དེ་བཞིན། གྲོང་ཁྱེར་ནིའུ་ཡོག་ཏུ་མང་ཚོགས་སྟོང་ཕྲག་མང་པོར་གཏམ་བཤད་གནང་རྒྱུ་སོགས། མཛད་འཆར་གཅིག་རྗེས་གཉིས་མཐུད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG