ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་མཇུག་འགྲིལ་ཡོད་པ།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་། འདི་ཟླའི་ཚེས་ཉི་ཤུ་ནས་ཉི་ཤུ་རྩ་གཅིག་བར་ཉིན་གྲངས་གཉིས་ཀྱི་རིང་། རྒྱ་གར་གྱི་ཆོས་ལུགས་སྣ་ཚོགས་ཀྱི་བླ་ཆེན་དང་མཁས་དབང་རྣམ་པ་འདུས་པའི་ལྷན་ཚོགས་ཤིག་གནང་ཡོད་པ་དེ། རེས་གཟའ་ཉི་མའི་ཉིན་མཇུག་འགྲིལ་ཡོད་པ་དང་། ལྷན་ཚོགས་མཇུག་བསྡོམས་ཀྱི་མཛད་སྒོར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཞུགས་རྣམས་ལ། སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་གྲུབ་རྒྱུའི་དམ་བཅའ་གཏན་པོ་བཟུང་དགོས་པའི་འབོད་བསྐུལ་གནང་ཡོད་པ་བཅས་ཀྱི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ། ཚེ་རིང་དབང་རྒྱལ་ལགས་ཀྱིས་འདིའི་སྐོར་ལྡི་ལི་གསར་པ་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།

XS
SM
MD
LG