ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མཆོག་གི་སློབ་མ་ཞིག་གིས་རང་སྲེག་ངོ་རྒོལ་བྱས་པ།


ལོ་ན་༢༢ལ་སོན་པའི་སློབ་མ་ལྷ་མོ་བཀྲ་ཤིས་ཀྱིས་གཙོས་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་སྲེག་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་སོང་བཞག་དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན།

སྤྱི་ཟླ་༩ཚེས་༡༧ཉིན་ཀན་སུའུ་ཞིང་ཆེན་ཁོངས་སུ་བཅུག་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱི་སྒོ་འགྲམ་དུ་ཕ་ཡུལ་ཨ་མདོ་ཨ་མཆོག་ནས་ཡིན་པའི་སློབ་མ་ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱེད་སྐབས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣས་ཁོང་བཙན་ཁྲིད་བྱས་ཤིང་། དེའི་རྗེས་སྤྱི་བདེ་མི་སྣས་ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་ གྲོངས་སུ་སོང་བའི་སྐོར་ཁོང་གི་ནང་མིར་བརྡ་ལན་སྤྲད་འདུག ནང་མི་དང་གཉེན་ཉེ་ཚོས་གཙོས་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་སུ་སོང་ནས་ཕུང་པོ་ནང་མིར་རྩིས་སྤྲོད་དགོས་པ་བརྗོད་ན་ཡང་གཞུང་ཕྱོགས་ནས་ཁས་ལེན་མ་བྱས་པར་ཕུང་ཐལ་སྤྲད་འདུག

བོད་པའི་གཞོན་སྐྱེས་ལྷ་མོ་བཀྲ་ཤིས་ནི་བོད་མདོ་སྨད་ཨ་མཆོག་གྲོང་བརྡལ་གྱི་སྒྲོག་མདོ་སྡེ་པའི་ཕ་ གཅོད་པ་ཚེ་རིང་དང་མ་གདུགས་དཀར་མཚོ་གཉིས་ཀྱི་བུ་ཡིན་ཞིང་། གཙོས་གྲོང་ཁྱེར་གྱི་མཐོ་འབྲིང་གི་སློབ་མ་ཞིག་ཡིན་འདུག ད་ལྟའི་ཆར་ཨ་མཆོག་ས་གནས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པས་ནང་མི་དང་འབྲེལ་བ་བྱ་ཐབས་མེད་སྐོར་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཀྱི་འདུག

XS
SM
MD
LG