ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་ཟུར་པའི་གཏམ་བཤད་ལ་སྐྱོན་བརྗོད་བྱས་ཡོད་པ།


དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེ་མོས་ཧོང་ཀོང་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡན་པའི་སྐབས་ཀྱི་སྤྱི་ཁྱབ་ཟུར་པས་ཧོང་ཀོང་གི་དམངས་གཙོ་དར་སྤེལ་ལ་རྒྱབ་སྐྱོར་ཞུ་རྒྱུར་དབྱིན་ཇིའི་གཞུང་ལ་ཀུན་སྤྱོད་ཀྱི་འགན་འཁྲི་ཡོད་པའི་གཏམ་བཤད་གནང་བ་ཞིག་ལ་སྐྱོན་བརྗོད་བྱས་པ་དང་ཧོང་ཀོང་གི་གནད་དོན་དེ་རྒྱ་ནག་དང་དབྱིན་ཡུལ་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་འགོག་རྐྱེན་བཟོ་གཞིར་མི་འགྱུར་བ་བྱེད་དགོས་ཞེས་སོགས་ཡིག་ཐོག་ནས་སྐྱོན་བརྗོད་བྱས་ཡོད་པའི་སྐོར་གསར་འགྱུར་ཁག་ནང་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG