ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

གསང་བའི་སྒོ་ནས་ལོ་དགུ་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ནགས་ཤོད་འབྲི་རུ་རྫོང་རབ་བརྟན་དགོན་པའི་དཔེ་ཁྲིད་དགེ་རྒན་དང་ དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་སྤྱི་ལོ་༢༠༡༢ལོའི་སྤྱི་སྤྱི་ཟླ་༡༢ནང་དུ་ལྷ་ སར་འཛིན་བཟུང་གིས། ལོ་གཅིག་དང་ཟླ་བདུན་ལྷག་གི་རིང་གར་སོང་ཆ་ མེད་དུ་གྱུར་ཡོད་པ་རེད་འོན་ཀྱང་། ཉེ་བའི་ཆར་སྤྱི་ཟླ་བདུན་པའི་ཚེས་༣༡ ཉིན་འབྲེལ་ཡོད་ཉེན་རྟོག་པས་དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་ཀྱི་ནང་མི་ལ་བརྡ་ལན་སྤྲད་དེ་དགེ་བཤེས་ལགས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ལོ་དགུ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག་ཅིང་ ནང་མི་ཚོས་རྒྱུས་ལོན་བྱེད་སྐབས་དགེ་བཤེས་མཆོག་ལ་རྒྱུན་རིང་མནར་གཅོད་བཏང་བའི་རྐྱེན་གྱི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་ནང་མིས་འབྲེལ་ཡོད་སྡེ་ཁག་ལ་དགེ་བཤེས་ལགས་ཀྱི་སྐུ་གཟུགས་ལ་སྨན་བཅོས་བྱེད་ཆེད་སྨན་ཁང་དུ་གཏོང་རོགས་ཀྱི་རེ་བ་ཞུས་ཀྱང་བརྡ་ལན་མེད་པ་སོགས་ཀྱི་གནས་ཚུལ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG