ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གཞུང་གི་གྲོགས་པོ་ཁ་ཆེའི་ཨ་ཀོང་ཞིག་དམར་གསོད་བཏང་འདུག


ཁ་ཆེའི་སྙུང་གནས་སྲུང་བའི་ཆོས་ཕྱོགས་ཀྱི་དུས་ཆེན་རྫོགས་ལ་ཉེ་བའི་སྐབས། དུས་རྒྱུན་དུ་རྒྱ་ནག་གཞུང་གིས་ཤིང་ཅང་ཡུ་གུར་བའི་ཐོག་འཛིན་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་དང་། གུང་ཁྲན་ཏང་ལ་བསྟོད་བསྔགས་བྱེད་མཁན་ཁ་ཆེའི་ཨ་ཀོང་ཞིག ཤིང་ཅང་ཁཱ་ཤཱིས་སྒར་གྱི་ཁ་ཆེའི་ཕྱག་འཚལ་ཁང་གི་ཕྱི་རུ་དམར་གསོད་བཏང་ཡོད་པ་རེད། ཞིན་ཅང་གི་ཁཱ་ཤཱིས་སྒར་ཧྲ་ཁྲེ་རྫོང་ཁོངས་སུ་ཡུ་གུར་བ་དང་ས་གནས་ཉེན་རྟོག་པ་འཁྲུག་འཛིང་ཤོར་ཏེ་མི་གྲངས་བརྒྱ་ལྷག་ཤིས་རྨས་བྱུང་བའི་ཉིན་གཉིས་ཀྱི་རྗེས་ལ་དོན་རྐྱེན་འདི་བྱུང་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG