བོད།

རང་ལོ་༡༧ཅན་གྱི་བོད་མི་ཞིག་གིས་འབོ་ར་ནས་རང་སྲེག་ངོ་རྒོལ་བྱས་ཡོད་པ།

x
པར་གཞིའི་ཚད། - +
དེ་རིང་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་ར་ས་ཆའི་གཞུང་ལམ་གྱི་སྟེང་དུ་བོད་མི་རང་ལོ་༡༧ ཡིན་པ་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་གི་གཟུགས་པོ་མེ་སྤར་བཞིན་པའི་སྐབས་སུ་ཉེན་རྟོག་པ་ཡོང་ནས་མེ་བསད་དེ་ཁོང་བཙན་ཁྲིད་བྱས་ཡོད་འདུག་ལ། བོད་ནང་གི་གནས་ཚུལ་བྱུང་ཁུངས་བོད་མིས་བརྗོད་ན་ད་ལྟ་གཟུངས་འདུས་སྐྱབས་འབོ་ར་ས་ཆའི་ཐག་ཉེ་གཙོས་གྲོང་ཁྱེར་གྱི་མི་མང་སྨན་ཁང་དུ་ཡོད་འདུག ཡིན་ཡང་གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་བཞིན་པ་མིག་མཐོང་བྱུང་མཁན་མི་ཚོས་བརྗོད་ན་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་སུ་ཁོང་གིས་རང་གི་མགོ་བོ་འཁྲིས་ཀྱི་རྡོ་ཡི་སྒང་ལ་བཞུ་བཞིན་པ་སོགས་ཀྱིས་ཕལ་ཆེར་གཟུངས་འདུས་སྐྱབས་གསོན་པའི་རེ་བ་མི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག  གཟུངས་འདུས་སྐྱབས་ནི་ད་ལྟ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་གི་མངའ་ཁོངས་རྡར་མདོ་སྡེ་བའི་མི་ཡིན་པ་དང་། ཁོང་ནི་ཕ་ཚེ་བྷ་དང་མ་བན་དེ་འཚོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་མ་དང་མཉམ་དུ་བུ་ཆུང་ལོ་ན་གཉིས་ལ་མ་སོན་ཙམ་ཞིག་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་ཁ་ཤས་ཀྱིས་བརྗོད་ན་འབོ་ར་དགོན་པའི་དགེ་མདུན་པ་དང་མང་ཚོགས་ཚོ་གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་འབོ་རའི་གཞུང་ལམ་སྒང་འཛོམས་ཏེ་གཟུངས་འདུས་སྐྱབས་ལ་སྨན་ཁང་དུ་བདག་སྐྱོང་བྱ་བར་འགྲོ་བའི་སྐད་འབོད་བྱེད་པ་དང་ཉེན་རྟོག་པས་བཀག་འགོག་བྱེད་པ་སོགས་ད་ལྟ་གནས་ཚུལ་ཛ་དྲག་ཡིན་འདུག ཡིན་ན་ཡང་ས་གནས་དེ་གའི་རྒྱུད་ལམ་སོགས་ཡོད་ཚད་བཀག་འདུག་པས་ད་ལྟ་འབོ་ར་ས་ཆར་ཐད་ཀར་འབྲེལ་བྱ་ཐུབ་ཀྱི་མེད་པ་རེད།
གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་འདི་ནི་སྤྱི་ཟླ་བཅུ་བའི་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་བྱིས་པ་གཉིས་ཀྱི་ཨ་ཕ་ཡིན་པའི་འབོ་ར་ལྷ་མོ་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་དང་གཅིག་མཚུངས་གཞུང་ལམ་དེའི་སྟེང་ཡིན་པ་རེད། གཞུང་ལམ་དེ་ནི་རྨ་ཆུ་ཀླུ་ཆུ་དང་། གཙོས། སྒྱུས་ཚང་། དགེ་ཤུལ། ཨ་མཆོག་ལ་སོགས་པར་འགྲོ་སའི་བཞི་མདོའི་ལམ་ཆེན་ཞིག་ཡིན་པ་རེད།
17-Year-old Tibetan Self-immolates in Bora Tibet
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། ཟླ་བ་དོན་གྲུབ། གཅོད་ཉམས་ལེན་པ།

ཟླ་བ་དོན་གྲུབ་ལགས་དགུང་ལོ་ཆུང་དུས་ནས་བོད་ནས་ཕེབས་ཏེ་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་ ནང་སློབ་གཉེར་གནང་ཡོད་པ་དང། དེའི་རྗེས་ཁོང་ཨ་མི་རི་ཀར་གནས་སྤོ་གནང་ཡོད་པ་རེད། ཨ་མི་རི་ཀར་སླེབས་པའི་རྗེས་ཁོང་གིས་གཅོད་ཉམས་ལེན་ལ་དོ་སྣང་བྱེད་འགོ་བཙུགས་ཡོད་ཅིང། དེ་ནས་རྒྱ་གར་དང་བལ་ཡུལ་སོགས་ ནང་ལ་གཅོད་ཉམས་ལེན་དུས་ཡུན་རིང་པོ་གནང་ཡོད་པ་དང་། ཁོང་ནི་དགུང་ལོ་གཞོན་པའི་ཁྲོད་དུ་གཅོད་ཉམས་ལེན་དང་སློབ་གཉེརགནང་མཁན་གྲགས་ཆེ་བ་ཞིག་ཆགས་ཡོད་པ་རེད།

འབྲེལ་མཐུད་བརྒྱུད་ལམ།