ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

མདོ་སྨད་དུ་དགེ་འདུན་པ་གཞན་ཞིག་རང་ལུས་མེར་སྲེག་བཏང་སྟེ་གྲོངས་ཡོད་པ།


འདི་ཟླའི་ཚེས་༢༦ ཉིན་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་ལགས། དགུང་ལོ་༢༨ ལ་ཕེབས་པ་ཞིག་གིས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་འཛིན་པར་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཏེ་འདས་གྲོངས་སུ་འགྱུར་འདུག་ཁོང་གི་ཕུང་པོ་དགོན་པའི་ནང་ཐོག་མར་གདན་འདྲེན་བྱེད་ཐུབ་འདུག་ཀྱང་རྗེས་སུ་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱ་རྒྱུར་དོགས་ཏེ་མཚན་མོ་དེ་རང་ལ་ཞུགས་འབུལ་བྱེད་དགོས་བྱུང་འདུག་དེང་སྐབས་རྒྱ་ནག་གཞུང་གིས་བོད་རྒྱལ་ཡོངས་ནང་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་པའི་རྐྱེན་གྱིས་གནས་ཚུལ་དེ་འཕྲལ་དུ་ཕྱི་བསྒྲགས་བྱེད་ཐུབ་མེད་པ་བཅས་ཀྱིས་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བ་དང་འདྲི་བ་དྲིས་ལེན་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG