ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨེ་ཛེ་ནད་གཞིའི་ལྷན་ཚོགས་མཇུག་སྒྲིལ།


རྒྱལ་སྤྱིའི་ཨེ་ཛེ་ལྷན་ཚོགས་དེ་ཐོག་མར་༡༩༨༥་ལོར་ཚོགས་ཡོད་ཅིང་། སྐབས་དེའི་ལྷན་ཚོགས་ལ་ཚོགས་མི་མི་༢༠༠༠་སྐོར་ཞིག་ལས་མེད་ཀྱང་། ད་ལྟ་ཚོགས་ཆེན་དེར་མཚན་རིག་པ་དང་ལས་འགུལ་བ་ལ་སོགས་ཚོགས་མི་༡༢༠༠༠་ཙམ་ཞིག་མཉམ་ཞུགས་གནང་འདུག འདི་ནི་ཨེ་ཛེ་ནད་གཞིའི་ཐོག་ལ་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་ཡོད་པ་དང་། ད་ལོའི་ལྷན་ཚོགས་ཐོག་ཏུ་ཨེ་ཛེ་ནད་གཞི་སྔོན་འགོག་གི་སྨན་དང་ཡོ་ཆས་གསར་པ་ཁག་ཅིག་ཕྱིར་སྟོན་བྱས་པ་དང་སྦྲགས། སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་བཅས་ལའང་གྲོས་བསྡུར་ལྷུག་པོ་ཞིག་བྱུང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨ་ནི་ཏཱ་ཡིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG