ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དགོན་སྡེ་ཁག་བཟུང་བའི་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་ཞེས་རྒྱ་རིགས་དཔོན་རིགས་ཤིག་གིས་བསམ་ཚུལ།


རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལྷན་ཁང་གི་མགོ་གཙོ་གཞོན་པ་བོད་ཀྱི་ས་ཁུལ་ཁག་ཏུ་ལྟ་སྐོར་ལ་སོང་བའི་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་སློབ་གསོ་ལམ་ལུགས་ལ་བཟུང་བའི་སྲིད་ཇུས་ལ་བསྐྱར་ཞིབ་དང་བསྒྱུར་བཅོསགཏོང་དགོས་པའི་བསམ་ཚུལ་དོན་ཚན་བཞི་ཅན་ཞིག་བཏོན་ཡོད་པ་དང་། བོད་ཀྱི་དགོན་སྡེ་སློབ་གསོ་ནི་དེང་དུས་ཀྱི་སློབ་གསོའི་སྒྲོམ་གཞིའི་ནང་དུ་ལེགས་སྐྱེས་མི་དམན་པ་སྤྲོད་ཐུབ་པ་མ་ཟད། དགོན་སྡེ་ལམ་ལུགས་ལ་བརྩི་བཀུར་བྱེད་པ་ནི་བོད་ཀྱི་ས་ཁུལ་ལ་བརྟན་བརླིང་ཡོང་བར་ཡང་འབྲེལ་བ་ཡོད་པར་བརྗོད་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG