ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་གྱིས་འཛམ་གླིང་ནང་གི་དམངས་གཙོའི་འོས་བསྡུ་ཆེ་ཤོས་འགོ་འཛུགས་བྱས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་ནི་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་འོས་བསྡུ་བྱེད་བཞིན་པ་འདི་འཛམ་གླིང་ནང་གི་དམངས་གཙོའི་འོས་བསྡུ་ཆེ་ཤོས་སུ་གྱུར་ཡོད། རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་འདིར་འོས་ཤོག་འཕེན་མཁན་མི་གྲངས་ས་ཡ་བརྒྱད་བརྒྱ་ལྷག་གིས་ཐོ་འགོད་བྱས་ཡོད་པས། འོས་བསྡུའི་ས་གནས་ས་ཡ་གཅིག་ཙམ་གྲ་སྒྲིག་བྱེས་ཡོད་འདུག དེ་རིང་ནས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་ལ་འོས་བསྡུ་དངོས་སུ་འགོ་བཙུགས་ཡོད་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG