ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བུ་མོ་བཙན་འཁྲིད་བྱས་པའི་བྱ་སྤྱོད་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད་གནང་།


ཉེ་དུས་ན་ཇི་རི་ཡའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཚོས་ཡུལ་དེའི་བུ་མོ་ཉིས་བརྒྱ་ལྷག་ཙམ་བཙན་འཁྲིད་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དེ་དག་འཚོལ་ཞིབ་བྱ་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་འདེགས་ཀྱི་ལས་འགུལ་བྱེད་བཞིན་པའི་སྐབས་ཨ་རིའི་སྲིད་འཛིན་གྱི་སྐུ་ཟླ་ལྕམ་མི་ཤལ་ཨོ་བྷ་མ་ཡིས་དྲག་སྤྱོད་པ་ཚོའི་བྱ་སྤྱོད་དེ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG