ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩
གཞོན་སྐྱེས་དང་ཤེས་ཡོན།

གཞོན་སྐྱེས་ཀྱིས་དྲ་རྒྱའི་ཐོག་བོད་ཡིག་དང་བོད་སྐད་སློབ་སྦྱོང་གི་ལས་གཞི་ལག་བསྟར་བྱེད་བཞིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ནང་གནས་འཁོད་བོད་པའི་གཞོན་སྐྱེས་འཆི་མེད་སྒྲོལ་དཀར་ལགས་ཀྱིས་འགན་འཁུར་གཙོ་བོ་བཞེས་ཏེ། དེང་སང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་གཙོ་བོར་གྱུར་པའི་གཞོན་སྐྱེས་ཉི་ཤུ་སྐོར་ཞིག་གིས་དྲ་རྒྱ་བརྒྱུད་དེ་བོད་ཡིག་དང་བོད་སྐད་སློབ་སྦྱོང་བྱེད་བཞིན་འདུག། ཁོང་རྣམ་པའི་རྒན་ལགས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པ་དང་ཁོང་རྣམས་ནི་རྒྱལ་ཁབ་ལྔ་ལྷག་གི་ནང་ཁ་འཐོར་དུ་གནས་ཀྱང་དྲ་རྒྱ་བརྒྱུད་དེ་གཟའ་སྤེན་པ་ནམ་ཡིན་ལ་བོད་ཡིག་དང་བོད་སྐད་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། འདིའི་ཐད་ལས་གཞི་དེ་རྩམ་མཁན་འཆི་མེད་སྒྲོལ་དཀར་ལགས་དང་ལས་གཞི་དེའི་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་བདེ་ཆེན་ལགས་ཀྱིས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ཀྱིས་ལས་རིམ་ནང་བགྲོ་གླེང་གནང་བ་ཞིག་གསན་གྱི་རེད།

XS
SM
MD
LG