ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩
གཞོན་སྐྱེས་དང་ཤེས་ཡོན།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་གནད་དོན་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་རྗེས་མར་སུད་ཛར་ལན་ཌའི་གྲོང་ཁྱེར་འཇི་ཎི་ཧྦར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་འཚོག་འཆར་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ང་ཚོའི་གནོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ལ་བཤད་པ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐོག་ཏུ་བོད་པའི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་བྱ་དགོས་ཐུག་རྒྱུ་དང་། ཁོང་གིས་ཕྱི་ཚེས་༢༥་ཉིན་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཚོགས་ཆེན་ཐོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྦྱང་བཤད་བྱས་པ་མ་ཟད། རིང་མིན་ཕྱི་ཟླ་གསུམ་པའི་ཚེས་༣་ནས་འཚོག་རྒྱུའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་བྱས་ཡོད་འདུག

XS
SM
MD
LG