ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩
གཞོན་སྐྱེས་དང་ཤེས་ཡོན།

ཨ་རིར་གནས་སྡོད་བོད་པའི་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་གཟབ་སྦྱོང་སྤྲོད་ལ་ཉེ་བ་ཡིན་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ རིའི་རྒྱལ་སའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་གནང་སྟེ་ཨ་རིའི་ནང་གི་བོད་པའི་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་གཟབ་སྦྱོང་ཐེངས་བདུན་པ་དེ་གནང་རྒྱུ་ཡིན་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ཡོད་ལས་བྱེད་ཀྱིས་གསུངས་འདུག་ཅིང་། གཟབ་སྦྱོང་དེའི་ནང་མཉམ་ཞུགས་བྱེད་འདོད་ཡོད་མཁན་ན་གཞོན་ཚོས་ཕྱི་ཟླ་བཞི་པ་འདིའི་ཚེས་༥འི་ནང་ཚུན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་རང་རང་གི་རྩོམ་ཡིག་མཉམ་སྦྱར་ཐོག་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་རེད་འདུག

XS
SM
MD
LG